༸གོང་ས་མཆོག་པརྠ་ལ་ཞབས་སོར་འཁོད་གནང་བ།

༸གོང་ས་མཆོག་ལ་ཨོས་ཀྲེ་ལི་ཡའི་གྲོས་ཚོཌ་འཐུས་མི་ཁག་དང་པརྠ་གྲོང་ཁྱེར་སྤྱི་ཁྱབ་དབུས་པའི་ཆེས་མཐོའི་མི་སྣ་རྣམ་པས་སྣེ་ལེན་གོ་སྒྲིག།

2011.06.19

༄༅༎༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་སི་ཊེ་ལི་ཡའི་གྲོང་ཁྱེར་སྦི་རི་སི་སྦེན་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་གནང་བའི་རྗེས། རེས་གཟའ་སྤེན་པའི་ཉིན། གྲོང་ཁྱེར་པརྠ་(Perth)ནང་ཞབས་སོར་འཁོད་མ་ཐག ཨོས་ཀྲེ་ལི་ཡའི་གྲོས་ཚོཌ་གོང་མའི་འཐུས་མི་སི་ཀོཏ་ལདྲ་ལེམ་མཆོག་དང་གྲོས་ཚོཌ་འོག་མའི་འཐུས་མི་མེ་ལི་ས་པཀ་ དེ་བཞིན་གྲོང་ཁྱེར་སྤྱི་ཁྱབ་སྦེ་རེདྲ་པེ་ཀྲིཏ་དབུས་པའི་ཆེས་མཐོའི་མི་སྣ་རྣམ་པས་གུས་བསུའི་སྣེ་ལེན་གོ་སྒྲིཌ་ཞུ་ཡུལ་ཕི་རི་མེན་ཀྲལ་ཚོཌ་ཁང་དུ་གནམ་ཐང་ནས་ཐད་ཀར་གདན་འདྲེན་ཞུས་འདུག

གོང་ཞུས་ཚོགས་ཁང་དེའི་ནང་མི་མང་ཆིག་ཁྲི་བཞི་སྟོང་བརྒལ་བར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགན་འཁུར་གསུམ་གྱི་སྐོརབཀའ་སློབ་བསྩལ་གནང་མཛད་ཡོད་པ་མ་ཟད། ནང་ཆོས་དང་དེང་དུས་ཀྱི་ཚན་རིག་གི་འབྲེལ་ལམ་ཐོག་ཐུཌ་སྣང་གནང་གི་ཡོད་པ་དང༌། འདས་པའི་ལོ་འགའ་ཤས་རིང་ནས་བཟུང་བོད་པའི་དགོན་སྡེ་ཁག་ནང་ཚན་རིག་སློབ་འཁྲིད་དབུ་བཙུགས་གནང་ཡོད་པའི་སྐོར་བཀའ་གནང་འདུག

༧གོང་ས་མཆོག་གྲོང་ཁྱེར་པརྠ་ནང་ཆིབས་བསྒྱུར་བསྐྱང་རྒྱུར་བདུན་ཕྲག་གཉིས་ཀྱི་གོང་ནས། ཡུལ་དེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་ས་གནས་ཀྱི་གྲོས་ཚོཌ་འཐུས་མི་རྣམས་ལ་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མེད་པའི་གནོན་ཤུཌ་སྤྲད་ཡོད་ཀྱང༌། གྲོས་ཚོཌ་གོང་མའི་འཐུས་མི་སི་ཀོཏ་ལདྲ་ལེམ་མཆོག་ནས་གསར་འགོད་གསལ་བསྒྲཌ་ཤིག་འགྲེམས་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གིས་དགུང་གྲངས་༧༦་ལ་ཕེབས་པའི་ནང་པའི་དགེ་སློང་ཞིག་ལ་ཞེད་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་པ་དེ་ནི་ཁྱད་ཚར་པོ་ཞེ་དྲག་འདུག རྒྱ་མིའི་གཞུང་ཚབ་ནས་གོང་ཞུས་ཐབས་ཇུས་བེད་སྤྱོད་བཏང་བ་ད་རེས་ཐེངས་དང་པོ་མ་རེདརང་དབང་མང་གཙོའི་ལམ་ལུཌ་སྒོ་ནས་འོས་འདེམས་བྱས་པའི་གྲོས་ཚོཌ་འཐུས་མི་རྣམས་ཀྱིསསྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་བཀའ་མོལ་ཞུ་མི་དགོས་པའི་རྒྱུ་མཚན་གསལ་བཤད་བྱས་པ་ཡིན་ནརྒྱ་མིའི་གཞུང་ཚབ་ལ་ཕན་ཐོག་ཆེ་བ་ཡོང་རྒྱུ་ཡིན་ལུཌ་གསུངས་འདུག ཨོས་ཀྲེ་ལི་ཡའི་གྲོས་ཚོཌ་གོང་མའི་འཐུས་མི་ལདྲ་ལེམ་མཆོག་དང་གྲོས་ཚོཌ་འགོ་མའི་འཐུས་མི་ལྕམ་པཀ་རྣམ་གཉིས་ནིཨོས་ཀྲེ་ལི་ཡའི་གྲོས་ཚོཌ་ཀྱི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་མི་ཡིན་པ་དང་ཁོང་རྣམ་གཉིས་ཕྱི་ལོ་༢༠༠༩་ལོར་བཞུཌ་སྒར་རྡ་རམ་ས་ལར་གཟིཌ་སྐོར་ཕེབས་མྱོང་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎