༸གོང་ས་མཆོག་གིས་རྒྱ་རིགས་ཁག་ཅིག་ལ་མཇལ་འཕྲད།

༧གོང་ས་མཆོག་གིས་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ལ་བོད་རྒྱ་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་དགོངས་གཞིའི་སྐོར་བཀའ་མོལ།

2010.10.15

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྐབས་ཨ་མི་རི་ཀའི་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་ནང་མཛད་འཕྲིན་སྐྱོང་བཞིན་པའི་ནང་དུ་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ལ་སྐུ་སྒེར་གྱི་མཇལ་འཕྲད་གནང་སྟེ། བོད་རྒྱ་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་དགོངས་གཞིའི་སྐོར་བཀའ་མོལ་གནང་ཡོད་པ་རེད།

དེ་ཡང་རྒྱ་མི་རིགས་དམངས་གཙོ་དོན་གཉེར་ཅན་ཕང་ཀྲེང་ནི་ལོ་༢༢སྐབས་སུ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་གྲས་ཡིན་པ་དང༌། སྐབས་དེ་དུས་ཁོང་གི་རྐང་པའི་སྟེང་རྒྱ་མིའི་དམག་མིས་ལྕགས་འཁྲབ་འཁོར་ལོ་བཏང་སྟེ་རྐང་པ་སྐྱོན་ཅན་གྱུར་བ་ཞིག་ཡིན་ཞིང༌། ད་ཆ་ཁོང་ལོ་༤༤སླེབས་ཡོད་པ་དང༌། རེས་གཟའ་ཕུར་བུའི་ཉིན་ཁོང་གིས་འཁོར་ལོ་ཅན་གྱི་རྐུབ་སྐྱག་ནང་བསྡད་དེ་སི་ཀྲེན་ཕོ་དི་པཀ་མགྲོན་ཁང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་དང་པོ་མཇལ་ཁ་ཞུ་བར་སླེབས་པའི་རྗེས། ཁོང་གིས་༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་གནང་རྒྱུའི་ཐུགས་འདུན་ལ་ཧ་ཅང་གི་ཡིད་སྨོན་དང་འདོད་བློ་ཚིམས་པ་བྱུང་ཡོད་བའི་སྐོར་བཤད་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༠པའི་ཚེས་༡༢ནས་༡༥བར་ཨ་མི་རི་ཀའི་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་ས་གནས་སེན་ཧོ་སེ་དང་སི་ཀྲེན་ཕོ་དྲི་གཙུག་ལག་སློབ་གྲའི་ནང་གི་མཛད་འཕྲིན་བསྐྱང་གནང་བའི་རིང༌། རེས་གཟའ་ཕུར་བུའི་ཉིན་སི་ཀྲེན་ཕོ་དྲི་གཙུག་ལག་སློབ་གྲའི་ནང་མི་དམངས་ལ་གསུང་བཤད་ཐེངས་གཉིས་ཀྱི་མཛད་འཆར་གྲུབ་པའི་རྗེས། རྒྱ་རིགས་དང་བོད་པའི་སློབ་ཕྲུག་ཆེད་ལས་པ་ཚོར་མཇལ་ཁ་གནང་ཡོད་པ་དང༌། དུས་ཡུན་ཚོུད་གཅིག་ལྷག་རིང་ལ་ད་ལྟའི་རྒྱ་ནག་གི་གནས་བབ་སྐོར་དང༌། བོད་དང་རྒྱ་གར་སྐོར་ལ་བཀའ་མོལ་གནང་མ་ཟད། དམིགས་བསལ་རྒྱ་རིགས་མི་འབོར་ཐེར་འབུམ་གཅིག་དང་གྲངས་ཆུང་གསུམ་ཡོད་པ་ཚོས། ངེས་པར་དུ་དངོས་ཡོད་གནས་སྟངས་ཤེས་རྟོགས་དགོས་པ་དང་དེ་ནས་སོ་སོས་ག་རེ་ནོར་འཁྲུལ་ཡིན་པ་དང་ག་རེ་འགྲིག་ཡོད་པ་ལེགས་ཉེས་ཀྱི་ཐག་གཅོད་བྱེད་པའི་ཐོབ་ཐང་ཡོད་པ་རེད་ཅེས་དང༌། རྒྱ་ནག་ཕྱོགས་ལ་ཡིད་ཆེས་ཀྱི་མི་འདེངས་བའི་ཞན་ཆ་ལྡན་ཡོད་པ་དང༌། དེ་ནི་རྒྱ་གར་དང་རྒྱ་ནག་བར་བསྡུར་ན། རྒྱལ་ཁབ་གཉིས་ཀར་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཆེན་པོ་ཡོད་པ་འདྲ་འདྲ་ཡིན་རུང༌། རྒྱ་གར་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡིད་ཆེས་བྱེད་ཐུབ་ཀྱི་ཡོད་པ་ནི། རྒྱ་གར་གྱི་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་པའི་རིན་ཐང་དེའི་ཐོག་ནས་ཡོང་གི་ཡོད་པ་རེད། གང་ལྟར་དུས་ཚོད་སྔ་ཕྱི་མ་གཏོགས་ང་ཚོས་ངེས་པར་དུ་རྒྱ་ནག་གཞུང་དང་བཀའ་མོལ་གནང་དགོས་པ་རེད། ཡིན་ནའང་ཤེས་དགོས་པ་ནི། ང་ཚོས་རྒྱ་ནག་དང་ཁ་བྲལ་རྩོད་ལེན་བྱེད་ཀྱི་མེད་པ་དང་ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་བརྩོན་ལེན་བྱེད་ཀྱི་ཡོད་ཅེས་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎