འཛམ་གླིང་ནང་དགའ་མོས་ཆེ་ཤོས་བྱ་ཡུལ་གྱི་གཙོ་འཛིན་གྲས།

༸གོང་ས་མཆོག་འཛམ་གླིང་གི་དབུ་འཁྲིད་ནང་ནས་མི་མང་གིས་དགའ་མོས་བྱེད་ཡུལ་གཙོ་བོའི་གྲས་ཤིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད་

2010.12.28

༄༅༎ཨ་མི་རི་ཀའི་མི་མང་གི་དགོངས་འཆར་བསྡུ་ལེན་གནང་བའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གི་དབུ་འཁྲིད་ནང་ནས་མི་མང་གིས་དགའ་མོས་བྱེད་ཡུལ་གཙོ་བོའི་གྲས་ཤིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད་            ཨ་མི་རི་ཀའི་གསར་ཤོག་USA Todayཞེས་པ་དང་མི་མང་གི་བསམ་ཚུལ་བསྡུ་ལེན་གནང་མཁན་གྱི་ལས་ཁུངས་གེ་ལབ་པོལ་Gallup Pollཞེས་པས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གི་དབུ་འཁྲིད་རྣམ་པའི་ཁོངས་ནས་མི་མང་གི་ཡིད་སྨོན་བྱེད་ཡུལ་གཙོ་བོའི་གྲས་གང་ཟག་བཅུའི་ནང་ཚུད་ཡོད་པ་རེད་

གོང་ཞུས་མི་མང་གི་བསམ་ཚུལ་བསྡུ་ལེན་དེའི་ནང་འཛམ་གླིང་གི་དབུ་འཁྲིད་རྣམས་པའི་ཁོངས་ནས་དང་པོ་དེར་དལྟའི་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་དེ་རྗེས་སྲིད་འཛིན་ཟུར་པ་ཇོཇ་སྦུཤི་དང་སྦིལ་ཀི་ལིན་ཀྲེན་ ནེལ་སེན་མེན་ཌེ་ལ་ སྦིལ་གེཏ་སི་ པོཔ་སྦེ་ནེ་ཌིཀ་བཅུ་དྲུག་པ་དང་ཨ་རིའི་ནང་གི་ཡི་ཤུའི་ཆོས་ཀྱི་དབུ་འཁྲིད་སྦི་ལི་གེ་རེམ་དང་སྲིད་འཛིན་ཟུར་པ་ཇི་མི་ཁའར་ཀྲར་ དེ་རྗེས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིམ་བཞིན་མཚན་ཐོན་བྱུང་ཡོད་པ་རེད་

ཡང་བུད་མེད་ཀྱི་དབུ་འཁྲིད་རྣམས་པའི་ཁོངས་དལྟའི་ཨ་རིའི་ལས་ཐོག་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་ལོ་ངོ་དགུའི་རིང་ཨང་རིམ་དང་པོར་སོན་ཡོད་པ་རེད་ ཨ་རིའི་མི་མང་གི་བསམ་ཚུལ་བསྡུ་ལེན་གྱི་ལས་དོན་དེ་ཕྱི་ལོ་༡༩༤༦ལོར་འགོ་འཛུགས་གནང་བ་ནས་བཟུང་ཨ་རིའི་ལས་ཐོག་སྲིད་འཛིན་དེ་མི་མང་གི་དགའ་མོས་བྱེད་ཡུལ་གཙོ་བོ་ཞིག་ཆགས་ཡོད་པ་རེད་ གོང་ཞུས་མི་མང་གི་བསམ་ཚུལ་བསྡུ་ལེན་དེ་འདི་ལོའི་ཕྱི་ཟླ་༡༢པའི་ཚེས་༡༠ནས་ཚེས་༡༢བར་མི་མང་གྲངས་༡༠༡༩ཡི་བསམ་ཚུལ་བསྡུ་ལེན་གནང་བ་ཞིག་དང་ཁོང་རྣམས་རང་ལོ་༡༨ཡན་ཡིན་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎