བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་ཟིན་པ།

༸གོང་ས་མཆོག་ནས་བཅའ་ཁྲིམས་བསྐྱར་བཅོས་ལ་མཚམ་རྟགས་བཀོད་གནང་མཛད་པའི་གནས་ཚུལ།

2011.05.30

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་འཕར་མ་ཉིན་གསུམ་རིང་སྐོང་འཚོགས་གནང་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བཅོས་བསྒྱུར་གཏོང་དགོས་པ་ཡོངས་རྫོགས་ཟླ་བ་དིའི་ཚེས་༢༨ ཀྱི་མཚན་མོགཏན་འབེབས་ལེགས་གྲུབ་ཟིན་པ་དེ་བཞིན་ཁ་ས་༸གོང་ས་མཆོག་ལ་འབུལ་ལམ་ཞུས་ཡོད་སྐོར་ བོད་མི་མང་སྤྱི་འཐུས་ལྷན་ཁང་གི་མགྲིན་ཚབ་པ་བསྟན་འཛིན་ནོར་བུ་ལགས་ཀྱིས་གསུང་པ་ རྒྱ་གར་གྱི་ཧིན་རྡུ་སི་ཏན་Hindustan གསར་ཤོག་གིས་ལུང་འདྲེན་བྱས་འདུག།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བཅོས་བསྒྱུར་གནང་བའི་ནང༌། གཙོ་བོ་སྔོན་གླེང་དང བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་༸གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དོན་ཚན་གསུམ་ཡོད་པ་ཞིག་གསར་འཇུག་བྱས་ཡོད་པ་རེདསྐབས་འདིར་ ཁྲིམས་ཡིག་ཁག་ལ་ཆོག་མཆན་བཀའ་འཁྲོལ་གནང་མཁན་བཀའ་བློན་ཁྲི་པ་དང་། ཁྲིམས་ཞིབ་པ་རྣམ་པ་དང་།རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན།སྤྱི་འཐུས་ལྷན་ཚོགས་ནས་འོས་འདེམས་བྱ་རྒྱུ་དང་། བཀའ་བློན་ཁྲི་པ་དང་བཀའ་བློན་རྣམ་པསྤྱི་འཐུས་ཚོགས་གཙོ་དང་། ཚོགས་གཞོན་བཅས་ཀྱི་དམ་བཅའ་འཇོག་གནང་གིས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཞུ་རྒྱུ་སོགས་སུ་བསྒྱུར་བཅོས་བཏང་ཡོད་པ་དངབཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་དེ་བོད་མིའི་སྒྲིག་འཛུགས་ཞེས་པར་བསྒྱུར་བཅོས་བཏང་ཡོད་པ་རེད།

མདོར་དོན་གནས་སྐབས་མི་མང་གིས་དང་ལེན་བྱེད་ཐུབ་དང་མི་ཐུབ་གནས་ཚུལ་འདྲ་མིན་ཡོང་སྲིད་ཀྱངགོང་ས་མཆོག་གི་དགོངས་གཞི་ལམ་སྟོན་དང་ལྷག་པར་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་རྣམས་ལ་གོང་ས་མཆོག་གིས་བཀའ་སློབ་བསྩལ་བ་དང་།དེའི་རྗེས་སུ་སྐུ་སྒེར་ཡིག་ཚང་བརྒྱུད་ཕྱག་ཡིག་ཕེབས་པའི་དགོངས་དོན་དང་འགལ་མེད་ཐོག་ཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་བཏང་ཡོད་པ་དངདུས་འདི་ནས་བཟུང་ དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་དང་།བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་འདི་གཉིས་ཀྱང་ཕྱིར་བསྡུ་གནང་ཡོད་པ་རེདད་ནས་བཟུང་རྒྱལ་རྟགས་ཀྱི་ནང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཚབ་ཏུགོང་ས་མཆོག་གིས་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པར་གཏན་འབེབས་ཕྱག་རྟགས་བསྩལ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎