༸གོང་ས་མཆོག་སུལྦེ་ཌེན་ནང་མཛད་འཕྲིན་མུ་མཐུད་སྐྱོང་བ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་བྱང་མའི་ཡུལ་གྲུ་སུལྦེ་ཌེན་དུ་རླབས་ཆེན་གྱི་མཛད་འཕྲིན་མུ་འཐུད་སྐྱོང་གནང་མཛད་བཞིན་པ།

2011.04.17

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་བྱང་མའི་ཡུལ་གྲུ་སུལྦེ་ཌེན་དུ་རླབས་ཆེན་གྱི་མཛད་འཕྲིན་མུ་འཐུད་སྐྱོང་གནང་མཛད་བཞིན་པ་ནས་ ཁ་སང་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་ སུཝེ་ཌེན་གྱི་རྒྱལ་ས་སི་ཀྲོཀ་ཧོམ་ནས་ གྲོང་ཁྱེར་ལཱུནཌ་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།

ལཱུནཌ་གྲོང་ཁྱེར་དུ་ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་གཙོ་བོ་ནི་ འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་བོད་པ་སྐྱབས་བཅོལ་བར་རོགས་རམ་ཤུགས་ཆེ་གནང་མཁན་ སུལྦེ་ཌེན་སྒེར་གྱི་ངལ་སེལ་ཚོགས་པ་ཞེས་པ་དེ་ཡིན་ཞིང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དེའི་གནམ་ཐང་དུ་ཞབས་སོར་འཁོད་མ་ཐག་ རོགས་ཚོགས་དེའི་གཙོ་འཛིན་སྐུ་ཞབས་ཧ་ཀན་ལྦིལ་ཧེམ་སེན་གྱིས་མཇལ་འཕྲད་ཕེབས་བསུ་ཞུས་ཡོད་པ་དང་ དེ་རྗེས་ལཱུནཌ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ལྕམ་ཨ་ནི་ཀ་ཨེ་ནར་སྦིི་ཇེན་སེན་གྱིས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཉིན་གུང་ལྗགས་སྨིན་གྱི་གསོལ་སྟོན་ཕུལ་ཞིང་ སྐབས་དེར་གྲོང་ཁྱེར་འཛིན་སྐྱོང་གྱི་སྲིད་དོན་མི་སྣ་ཁག་དང་ དེ་བཞིན་སུལྦེ་ཌེན་སྒེར་གྱི་ངལ་སེལ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་པ་རྣམས་ ལྷག་པར་དུ་དམིགས་བསལ་སྐུ་མགྲོན་གྱི་ཁོངས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཆེན་པོ་ཡོད་པ་ལྕམ་ཨ་ནི་ན་ཕེ་ནེ་སྦག་ཡང་ཕེབས་ཡོད་འདུག་པ་དང་ ཁོང་ནི་ཕྱི་ལོ་༡༩༥༩ལོར་ཌེན་མརཀ་གྱི་རྒྱལ་སྲས་པཱི་ཊར་གྱིས་སྣེ་འཁྲིད་འོག་བོད་མི་གཞོན་སྐྱེས་ཁག་གཅིག་ཐོགས་མར་ཌེན་མརཀ་དང་ དེ་རྗེས་སུལྦེ་ཌེན་དུ་སློབ་སྦྱོང་ཆེད་མགྲོན་འབོད་གནང་རྒྱུར་འགན་འཁུར་རྐང་ལེན་གནང་མཁན་སྦིརི་ཀྲ་དང་ཇོན་ཕེ་ནེ་སྦག་གཉིས་ཀྱི་བོུ་དེ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎