ཐའེ་ལན་ཌིའི་ཆུ་ལོག་གོད་ཆགས་ལ་སེམས་གསོའི་བཀའ་ཡིག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ལེན་ཌེའི་ཆུ་ལོག་ནང་གོད་ཆག་བྱུང་བར་སེམས་་གསོའི་བཀའ་ཡིག་གནང་བའི་གནས་ཚུལ་ཐོན་འདུག

2011.11.22

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ལེན་ཌེའི་ཆུ་ལོག་ནང་གོད་ཆག་བྱུང་བར་སེམས་་གསོའི་བཀའ་ཡིག་གནང་བའི་གནས་ཚུལ་ཐོན་འདུག་། ཐེ་ལེན་ཌེའི་ནས་ཟླ་བ་གསུམ་ཙམ་གྱི་རིང་དུ་བསྟུད་མར་ཆར་ཆུ་འབབ་པའི་ཤུགས་རྐྱེན་འོག་ཐེ་ལེན་ཌེ་ས་ཁུལ་དང་ལྷག་དོན་དུ་རྒྱལ་སའི་ནང་བྱུང་མྱོང་མེད་པའི་ཆུ་ལོག་གི་གོད་ཆག་བྱུང་ཡོད་ཅིང་། གྲོང་ཁྱེར་གྱི་སྡོད་མི་མང་པོ་གྲོང་ཁྱེར་ནས་ཉེན་གཡོལ་དུ་འགྲོ་དགོས་པའི་གནས་ཚུལ་བྱུང་ཡོད་པ་རེད་། ད་ཆ་གནས་སྟངས་ཕྲན་བུའི་བཟང་དུ་ཕྱིན་ནས་གྲོང་ཁྱེར་ནང་གི་ཆུའི་ཚད་གཞི་དམའ་རུ་ཕྱིན་ནས་འགྲིམས་འགྲུལ་གང་ཙམ་ཉམས་གསོ་བྱུང་ཡོད་པ་རེད་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་གཅིག་པའི་ཚེས་ ༢༡་ ཉིན་ ཐེ་ལེན་ཌེའི་སྲིད་བློན་ལྕམ་སྐུ་ཡིང་ལུག་ཤི་ན་ཝ་ཏ་མཆོག་ལ་བཀའ་ཡིག་གསུང་འཕྲིན་ཞིག་གནང་ཡོད་ཅིང་། དེ་སྔ་བྱུང་མྱོང་མེད་པའི་ཐེ་ལན་ཌེ་ཆུ་ལོག་གི་གོད་ཆག་ནང་མི་མང་འདས་གྲོངས་དུ་ཕྱིན་པ་དང་ ཁང་ཁྱིམ་དང་ ནོར་ཕྱུགས་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་ཕོག་པར་༧གོང་ས་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཡོད་པར་བརྟེན་ ཚེ་འདས་རྣམས་ལ་ཐུགས་གསོའི་སྨོན་ལམ་དང་ རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེའི་ཐུགས་གསོ་གནང་ཡོད་པ་རེད་འདུག་། ཆུ་ལོག་གི་ངལ་སེལ་རོགས་སྐྱོབ་ཆེད་ ཏ་ལའི་བླ་མའི་ཐེབས་རྩ་ནས་ཞལ་འདེབས་ཀྱང་གསོལ་རས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎