༧གོང་ས་མཆོག་གིས་གསར་འགོད་པར་དྲི་ལན་བསྩལ་བ།

ཨའོསི་ཊརེ་ལི་ཡའི་ངོས་ནས་རང་བྱུང་གཏེར་ཁ་བསྔོག་འདོན་ཤུགས་ཆེ་བྱེད་བཞིན་པ་དེས་ཨའོསི་ཊརེ་ལི་ཡའི་རང་བྱུང་ཁོར་ཡུག་ལ་གནོད་སྲིད།

2011.06.14

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༦ ཚེས་ ༡༤ ཉིན་ ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་སུ་ཆིབས་བསྒྱུར་གྲུབ་རྗེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ ཨའོསི་ཊརེ་ལི་ཡའི་ངོས་ནས་རང་བྱུང་གཏེར་ཁ་བསྔོག་འདོན་ཤུགས་ཆེ་བྱེད་བཞིན་པ་དང་ རང་བྱུང་གི་ཐོན་སྐྱེད་རྒྱ་ནག་ནང་ཕྱིར་ཚོང་ཤུགས་ཆེ་བྱེད་བཞིན་པ་དེས་ ཨའོསི་ཊརེ་ལི་ཡའི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཟོ་སྲིད་པའི་གནད་དོན་ཐད་ཡིད་ཟབ་བྱེད་དགོས་སྐོར་བཀའ་གནང་འདུག།

ཨའོསི་ཊརེ་ལི་ཡ་ནི་རྒྱ་ནག་ལ་རྡོ་སོལ་དང༌། རང་བྱུང་རྫས་རླངས། རང་བྱུང་ལྕགས་རིགས་ཕྱིར་ཚོང་མང་ཤོས་བྱེད་མཁན་དེ་ཡིན་ཞིང༌། གསར་འགོད་པ་ཞིག་གིས་ ཨའོསི་ཊརེ་ལི་ཡའི་གཏེར་ཁ་བསྔོག་འདོན་ཁེ་ལས་ཚན་པའི་ཆེས་མཐོའི་འགོ་འཁྲིད་ཚོས་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞན་པོ་ཡོད་པའི་གནད་དོན་ངོས་འཛིན་གྱིས་ རྒྱ་ནག་དང་ཚོང་ལས་སྤེལ་རྒྱུ་མཚམས་འཇོག་དགོས་མིན་དགོངས་བསྐོར་ཞུས་པར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱ་ནག་ཁེར་རྐྱང་དུ་བུད་ཐབས་བྱེད་པའམ་ཡང་ན་ རྒྱ་ནག་གི་འཕེལ་རྒྱས་སྟངས་འཛིན་སོགས་བྱེད་རྒྱུ་མེད་པའི་བཀའ་ལན་སྩལ་གནང་མཛད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎