༸གོང་ས་མཆོག་ལ་རོམ་གྱི་ཆེ་ཐོངས་མི་སེར་མཚན་གནས།

༸གོང་ས་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཞབས་སོར་འཁོད་ཡོད་ཅིང་གྲོང་ཁྱེར་རོམ་གྱི་ཆེ་ཐོངས་མི་སེར་གྱི་མཚན་གནས་འབུལ་བཞེས་གནང་འཆར།

2009.02.08

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཞབས་སོར་འཁོད་ཡོད་ཅིང་གྲོང་ཁྱེར་རོམ་གྱི་ཆེ་ཐོངས་མི་སེར་གྱི་མཚན་གནས་འབུལ་བཞེས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

ཨི་ཊ་ལི་གྲོས་ཚོགས་གོང་འོག་འཐུས་མི་བརྒྱ་དང་ཉི་ཤུ་ལྷག་ལྷན་ཚོགས་གནང་སྟེ་རེས་གཟའ་ཟླ་བའི་ཉིན་རྒྱབ་ཏུ་༸གོང་ས་མཆོག་ལ་གོང་ཞུས་གྲོང་ཁྱེར་རོམ་གྱི་ཆེ་ཐོངས་མི་སེར་གྱི་མཚན་གནས་འབུལ་བཞེས་གནང་རྒྱུ་ཡིན་པ་རེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ཁྱད་པར་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བསྟེན་པའི་མཛད་བཟང་ལ་ཡིད་རངས་བསྔགས་བརྗོད་དང་བཅས་གྲོང་ཁྱེར་རོམ་གྱི་གྲོང་སྡེ་ལས་ཁུངས་ཀྱིས་སྔར་ལོ་ཕྱི་ཟླ་དགུ་པའི་ནང་༸གོང་ས་མཆོག་ལ་རོམ་གྱི་ཆེ་ཐོངས་མི་སེར་གྱི་མཚན་གནས་འབུལ་བཞེས་གནང་རྒྱུའི་གྲོས་ཆོད་འཇོག་གནང་མཛད་པ་ལྟར་ད་རེས་དངོས་སུ་འབུལ་བཞེས་གནང་རྒྱུ་ཡིན་པ་རེད།

དེ་མིན་༸གོང་ས་མཆོག་ཇར་མ་ནི་རུ་མཛད་པ་འཕྲིན་ལས་བསྐྱང་སྐབས་འཇར་མན་གསར་འགྱུར་བརྒྱུད་ལམ་གྱི་གཟེངས་རྟགས་ལ་སོགས་པའི་ཆེ་ཐོངས་མཚན་གནས་འབུལ་བཞེས་གནང་རྒྱུ་མ་ཟད་འཇིག་རྟེན་བཟང་སྤྱོད་དང་བྱམས་བརྩེ་ལ་སོགས་པའི་བདུད་བརྩི་ལྟ་བུའི་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎