༧གོང་ས་མཆོག་སུད་སིར་ཞབས་སོར་འཁོད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རེས་གཟའ་ཕུར་བུའི་སྔ་དྲོ་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཞབས་སོར་བདེ་བར་འཁོད་འདུག

2011.08.11

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རེས་གཟའ་ཕུར་བུའི་སྔ་དྲོ་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཞབས་སོར་བདེ་བར་འཁོད་པ་དང༌། ཇི་ནི་ལྦ་དུ་མཛད་འཆར་གཙོ་བོ་ནི། ར་ཤི་ཡའི་མི་རིགས་ཤིག་གིས་གསར་བཞེངས་གནང་བའི་ནང་པའི་དགོན་པ་ཞིག་དབུ་འབྱེད་དང་རབ་གནས་སྕལ་རྒྱུ་ཡིན་པ་རེད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་སུད་སི་གྲོང་ཁྱེར་ཇི་ནི་ལྦ་ཡི་གནམ་ཐང་དུ་ཞབས་སོར་འཁོད་པའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་དང༌། རྒྱ་གར་གཞུང་ཚབ་པ་སྐུ་ཞབས་ན་གེན་རྡར་པར་སའརྡ་ ཇི་ནི་ལྦ་དུ་ནང་པའི་ཆོས་ཚོགས་ཤེས་རབ་ཆོས་འཁོར་གླིང་གསར་བཞེངས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆོས་ཚོགས་དབུ་འབྱེད་དང་རབ་གནས་སུ་གདན་ཞུ་ཕུལ་མཁན་ར་ཤི་ཡའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་རའ་ཕེལ་གི་མ་ལོལྦ་  རི་ཀོན་ཆོས་ཚོགས་ཀྱི་མཁན་པོ། སུད་སི་དང་ལིཀ་ཀྲེན་སི་ཀྲའེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། ས་གནས་བོད་ཀྱི་བེུད་ཚོགས་པའི་ཚོགས་གཙོ། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ། སུད་སི་དང་ཡོ་རོབ་བོད་རིགས་མཐུན་ཚོགས་ཀྱི་འཐུས་མི་བཅས་ནས་དགའ་བསུའི་ཕེབས་བསུར་བཅར་ཡོད་པ་རེད། དེ་རྗེས་གནམ་ཐང་ནས་ཇི་ནི་ལྦ་བཞུགས་གནས་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱང་བའི་སྐབས། བོད་མི་བརྒྱ་ལྷག་གིས་གྲོ་སོ་ཕྱེ་མར་དང་དཀར་གཙང་གི་མཇལ་དར་བསྣམས་ཏེ་དགའ་བསུའི་ཕེབས་བསུ་ཞུས་ཡོད་པ་རེད། ཕྱི་ཟླ་བརྒྱད་པའི་ཚེས་༡༢ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧གོང་གསལ་གྲོང་ཁྱེར་ཇི་ནི་ལྦ་དུ་ཤེས་རབ་ཆོས་འཁོར་གླིང་ཆོས་ཚོགས་རབ་གནས་གྲུབ་པའི་རྗེས། ཕེརེན་སི་དུ་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎