ཤིན་ཅང་ནང་ཁ་པར་ཐོག་ཡི་གེ་གཏོང་རྒྱུ་སླར་གསོ།

ཤིན་ཅང་གི་ས་ཁུལ་ཁག་ཅིག་ནང་ཁ་པར་ཐོག་ཡི་གེ་གཏོང་རྒྱུ་སྒོ་མོ་ཕྱེ་ཡོད་ཀྱང་ཁག་ཅིག་ལ་མུ་མཐུད་དམ་བསྒྲགས་ཡོད་པ་རེད།

2010.01.17

༄༅༎ན་ནིང་ཤིན་ཅང་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཟིང་ཆའི་དོན་རྐྱེན་བྱུང་སྟེ་རྒྱ་ནག་གཞུང་གིས་ད་བར་ཟླ་བ་དྲུག་རིང་ཤིན་ཅང་མི་དམངས་ཚོར་ཁ་པར་ཐོག་ནས་ཡི་གེ་གཏོང་རྒྱུ་མེད་པ་བཟོས་ཏེ་བཀག་བསྡོམས་བྱས་པའི་རྗེས་དེ་རིང་རེས་གཟའ་ཉི་མའི་ཉིན་ཤིན་ཅང་གི་ས་ཁུལ་ཁག་ཅིག་ནང་ཁ་པར་ཐོག་ཡི་གེ་གཏོང་རྒྱུ་སྒོ་མོ་ཕྱེ་ཡོད་ཀྱང་ཁག་ཅིག་ལ་མུ་མཐུད་དམ་བསྒྲགས་ཡོད་པ་རེད།

དེ་ཡང་ན་ནིང་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་(Urumqi)ནང་ཡུ་གུར་གྲངས་ཉུང་མི་རིགས་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བའི་དོན་རྐྱེན་རྗེས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཚོར་ཕྱི་རྒྱལ་དང་རྒྱ་ནག་རྒྱལ་ནང་གཉིས་ཀར་ལག་འཁྱེར་ཁ་པར་བརྒྱུད་ཡིག་གེ་གཏོང་རྒྱུ་བཀག་བསྡོམས་བྱས་ཡོད་པ་དང། དེ་རིང་ཤིན་ཅང་ནང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་ལས་བྱེད་པ་བུད་མེད་མཚན་གསུང་འདོད་མེད་པ་ཞིག་ཨེ་པི་(AP)གསར་འགོད་པར། ཤིན་ཅང་གི་ས་ཁུལ་ཁག་ཅིག་ནས་རྒྱ་ནག་གི་ས་ཁུལ་ཁག་ནང་ཁ་པར་བརྒྱུད་ཡིག་འབྲེལ་བྱེད་རྒྱུར་སྒོ་མོ་ཕྱེད་ཡོད་དང། ཡིན་ནའང་ཕྱིའི་རྒྱལ་ཁབ་ཁག་ལ་ཡི་གེ་གཏོང་རྒྱུ་མེད་པ་མུ་མཐུད་བཀག་བསྡོམས་ཡོད་མུས་ཡིན་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད། ཨེ་པི་(AP)གསར་འགོད་པས། ཤིན་ཅང་ནང་དུ་ཡོད་པའི་རྒྱ་ནག་གཞུང་གི་ལག་འཁྱེར་ཁ་པར་ལས་ཁུངས་སུ་ཐད་ཀར་ཁ་པར་བརྒྱུད་སྐད་ཆ་འདྲི་ཐབས་བྱས་ཀྱང། ཁ་པར་ལེན་མཁན་མི་མེད་པར་འཕྲུལ་འཁོར་ཐོག་ལ། མི་དམངས་ཚོར་ཁ་པར་ཐོག་ནས་ཡི་གེ་གཏོང་ཆོག་པའི་འགོ་མོ་བསྐྱར་དུ་ཕྱེ་ཡོད་པ་དང། ཡིན་ནའང་མི་རེར་ཉིན་མ་རེར་ཁ་པར་ཐོག་ཡི་གེ་མང་ཤོས་ཐེངས་ཉི་ཤུ་ལས་གཏོང་ཆོག་གི་མེད་པ་དང། ཤིན་ཅང་གི་ཕྱི་ཕྱོགས་ནས་ཁ་པར་ཡོང་མཁན་གྱི་ཨང་གྲངས་མུ་མཐུད་བཀག་བསྡོམས་བྱས་ཡོད་པའི་གསལ་བསྒྲགས་བཞག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎