མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་བསྟན་འཛིན་དབྱངས་འཛོམས།
2015.08.24

བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་འཛོམས་ལགས་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་ཁྲོད་མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་ཀྱི་བྱ་དགའ་ཐོབ་འདུག
བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་འཛོམས་ལགས་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་ཁྲོད་རྩེ་ཕུད་དྲུག་དང་། མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།
དེ་ནི་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལཱ་མངའ་སྡེའི་ཀཱོ་ཆིན་གྲོང་ཁྱེར་གྱི་ལི་མེ་རེ་ཌན་ (Le Meridian) གསོལ་མགྲོན་ཁང་དུ། སྐུ་ཞབས་ཨ་ཇེ་ཌི་ར་ཝེ་པཱ་གྷ་སུ་སེའི་(Mr.Ajit Ravi Pegasus)ཁེ་ལས་ཀྱི་གོ་སྒྲིག་འོག ཕྱི་ལོ་༢༠༡༤ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་འཛོམས་ལགས་མཱན་ཎཱ་རམ་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་(Mannapuram Miss Asia)ཐེངས་༡༡པའི་འགྲན་སྡུར་རིམ་པ་དང་པོའི་ནང་ཞུགས་པ་རེད། ཐེངས་འདིའི་འགྲན་སྡུར་ནང་རྒྱ་གར་དང་། རྒྱ་ནག བལ་ཡུལ། འབྲུག མ་ལེ་ཞི་ཡ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་བཅུ་གསུམ་གྱི་མཛངས་མ་༡༣ མཉམ་ཞུགས་བྱས་ཡོད་འདུག
ཞིབ་ཕྲ་འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་གནས་ཚུལ་བཏང་བར་གསན་རོགས་ཞུ།