སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཆེད་རྒྱལ་སྤྱིའི་ནང་ལས་འགུལ།


2015.04.08
ཨ་རིའི་ནེའུ་ཡོག་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཆེད་གློད་གྲོལ་ཆེད་ལས་འགུལ། ༢༠༡༥།༤།༧ ཨ་རིའི་ནེའུ་ཡོག་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཆེད་གློད་གྲོལ་ཆེད་ལས་འགུལ། ༢༠༡༥།༤།༧
sft

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་གཟུགས་གནས་སྟངས་ཞན་པོ་ཡོད་པས་ཛ་དྲག་སྨན་བཅོས་ཀྱི་ཆེད་གློད་གྲོལ་གཏོང་དགོས།
དེ་ཡང་རྒྱལ་སྤྱིའི་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༡༨༠་ཙམ་གྱིས་རྒྱལ་སྤྱིའི་གཞུང་འབྲེལ་ཁག་ལ་སྙན་ཞུ་ཕུལ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྨན་བཅོས་ཀྱིི་མཐུན་རྐྱེན་བསྐྲུན་ཆེད་གློད་གྲོལ་ཡོང་བའི་རེ་སྐུལ་བྱས་ཡོད་པ་རེད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱའི་བཙོན་འོག་ཏུ་ཚུད་དེ་ལོ་༡༣འཁོར་བའི་ཉིན་མོ་དང་བསྟུན་ཏེ་རྒྱ་གར་གཙོ་པའི་ཡུ་རོབ་དང་། ཨ་རི་སོགས་སུ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་སྣེ་ཁྲིད་བྱས་ནས་ཁོང་སྨན་བཅོས་ཆེད་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་རེད།
སྤྱི་ལོ་༢༠༡༤་ལོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ནང་མི་ཚོས་རྒྱ་ནག་གཞུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་གཟུགས་སྐྱོ་བོ་ཡོད་པས་སྨན་བཅོས་ཆེད་འཕྲལ་སེལ་གློད་གྲོལ་ཡོང་བའི་རེ་སྐུལ་སྙན་ཞུ་ཕུལ་ཡོད་ཀྱང་དེར་རྒྱ་ནག་གཞུང་གིས་ལན་འདེབས་སོགས་གང་ཡང་བྱས་མེད་པ་རེད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གཞུང་གིས་འབར་རྫས་གས་གཏོར་གྱི་ཉེས་མིང་འོག་༢༠༠༢ ལོར་འཛིན་བཟུང་བྱས་ཏེ། ཚུལ་མཐུན་གྱི་ཁྲིམས་གཏུག་གང་ཡང་བྱེད་མ་བཅུག་པར། ཕྱི་ཟླ་༡༢ཚེས་༢ཉིན་སྲོག་ཁྲིམས་བཅད་པ་དང་། ཁོང་དང་མཉམ་དུ་ནག་ཉེས་གཡོག་སའི་བློ་བཟང་དོན་གྲུབ་སྲོག་ཐོག་ཏུ་བཏང་རྗེས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྲོག་ཁྲིམས་ཚེ་བཙོན་དུ་འགྱུར་བ་བཏང་ཞིང་། ད་ལྟ་བཙོན་ཁང་ནང་ཁོང་གི་སྐུ་གཟུགས་གནས་སྟངས་སྐྱོ་པོ་ཆགས་པ་མ་ཟད། སྙིང་གི་སྙུན་གཞི་ཛ་དྲག་ཏུ་གྱུར་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎