གནས་ཚུལ་རིགས་མི་ལྷག་པའི་ཁས་ལེན་བྱེད་དུ་འཇུག་བཞིན་འདུག


2017.05.03
དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་སྐབས། ༢༠༡༧།༤།༡༥ དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་སྐབས། ༢༠༡༧།༤།༡༥
བོད་འབྱོར།

དཀར་མཛེས་ཉག་རོང་རྫོང་གི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་ད་ཕྱིན་ཆད་རང་ལུས་མེར་སྲེག་གཙོས་པའི་གནས་ཚུལ་གང་ཡང་མི་བྱུང་བའི་ཁས་ལེན་བྱེད་དུ་འཇུག་བཞིན་ཡོད་འདུག
དེ་ཡང་ཟི་ཁྲོན་ཞིང་ཆེན་ཁོངས་སུ་གཏོགས་པའི་ཉག་རོང་རྫོང་གཅིག་གི་མངའ་ཁོངས་ཀྱི་བོད་རིགས་གཞོན་སྐྱེས་གཉིས་ཀྱིས། ཉེ་སྔོན་སྔ་རྗེས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་ཡོད་པར་བརྟེན། དེང་སང་རང་ལུས་མེར་བསྲེགས་གཏོང་ཡུལ་དཀར་མཛེས་རྫོང་ཐོག་དང་། རང་བསྲེགས་གཏོང་མཁན་སྐྱེས་ཡུལ་གྱི་སྡེ་བ་དང་། ཡུལ་ཚོ་སོགས་སུ་རྒྱ་གཞུང་གིས་ལས་བྱེད་དང་། དམག་མི་འགྲེམས་འཇོིག་གིས་ཡུལ་མི་རྣམས་ཀྱི་འགྲོ་བསྐྱོད་ལ་བཀག་བསྡོམས་བྱེད་བཞིན་ཡོད་འདུག་ཅིང་།  ཕྱོིགས་མཚུངས་ཚོགས་འདུ་བསྡུ་སྐོང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་སོགས་སྔར་དང་མི་འདྲ་བའི་དམ་དྲག་བྱེད་བཞིན་ཡོད་འདུག
ད་དུང་ཉག་རོང་རྫོང་ཁོངས་ཀྱི་དགོན་སྡེ་ཁག་གི་ནང་རྒྱ་གཞུང་གི་དམག་མི་དང་། ལས་བྱེད་མི་སྣ་ཡོང་ནས་ཕྱིན་ཆད་རང་ལུས་མེར་སྲེག་གཙོས་པའི་གནས་ཚུལ་གང་ཡང་མི་བྱུང་བའི་ཁས་ལེན་དང་ཡི་གེ་བྲིས་ནས་འཛུབ་ཐེལ་རྒྱབ་དུ་འཇུག་བཞིན་འདུག་ལ། ད་ལྟའི་ཆར་ཕྱོགས་ཡོངས་ལ་དམ་དྲག་གི་རྐྱེན་གྱིས་གནས་སྟངས་ཧ་ཅང་སྡུག་པོ་རེད་ཅེས་བོད་ནས་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་ངོ་སྤྲོད་བྱས་འདུག།

གསར་འགོད་པ་ཀུན་བཟང་བསྟན་འཛིན། ཕབ་བསྒྱུར་གུ་རུ་ཆོས་སྐྱིད་དང་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎