༧གོང་ས་མཆོག་ལ་གཞུང་འབྲེལ་བརྟན་བཞུགས་འབུལ་རྒྱུ།


2014.06.26
༧གོང་ས་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་སྐབས། ༢༠༡༤།༦།༢༥ ༧གོང་ས་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་སྐབས། ༢༠༡༤།༦།༢༥
སྐུ་སྒེར་དྲ་བ

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞུང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
དེ་ཡང་སྤྱི་ཟླ་དྲུག་པའི་ཚེས་༢༦ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འཆར་ལོར་དགུང་གྲངས་༨༠ཕེབས་ཀྱི་ཡོད་པའི་གྱ་སྟོན་མཛད་སྒོའི་དུས་ཚིགས་ཁྱད་པར་ཅན་དང་སྟབས་བསྟུན། བོད་ལུགས་འཁྲུངས་ཚེས་བོད་ཟླ་ལྔ་པའི་ཚེས་༥དང་སྤྱིོ་ལོ་༢༠༡༥ལོའི་ཟླ་དྲུག་པའི་ཚེས་༢༡ཉིན་བོད་མིའི་སྒྲིག་འཛུགས་ནས་མགོན་པོ་གང་ཉིད་ལ་གཞུང་འབྲེལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིོན་པ་དང་། གཙོ་བོ་རྒྱལ་བསྟན་མི་ནུབ་ཡུན་དུ་གནས་པ་སྤྱི་དང་། ལྷག་པར་བསྟན་པ་དེ་འཛིན་གྱི་གཙུག་རྒྱན་མགོན་པོ་གང་ཉིད་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ། མཛད་པ་འཕྲིན་ལས་ཀྱི་བཀའ་དྲིན་རྗེས་དྲན་དེ་བཞིན་བོད་གངས་ཅན་པའི་སྐྱེ་འགྲོ་ཡོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་རླབས་པོ་ཆེ་གསོག་པའི་དམིགས་ཡུལ་དུ་དགོངས་ཏེ་གཞུང་འབྲེལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཐུགས་གཏན་འཁེལ་བར་། དེ་ཡང་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་ཁག་དུ་གནས་འཁོད་བོད་མི་རེ་རེ་ནས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་དངུལ་སྒོར་༣རེ་འབུལ་རྒྱུ་རྒྱས་བཅད་དང་འབྲེལ་དེའི་ཐོག་དང་བླངས་བློས་བཅད་ཞལ་འདེབས་འབུལ་བློ་ཡོད་ཚེ་གང་ཐུབ་འབུལ་ཐབས་གནང་སྐྱོང་ཡོང་བའི་དགེ་སྐུལ་ཞུ་རྒྱུ་དང་། ཞལ་འདེབས་རྣམས་སོ་སོའི་གནས་ཡུལ་ས་གནས་འགོ་འཛིན་ལས་ཁུངས་དང་འབྲེལ་ཆགས་སྐུ་ཚབ་དོན་གཅོད་ཁང་བརྒྱུད་༢༠༡༥ལོ་སྤྱི་ཟླ་༢པའི་ཚེས་༢༨འགྱངས་མེད་ཆོས་རིག་ལས་ཁུངས་སུ་གནང་འབྱོར་ཐུབ་ཐབས་ཡོང་རྒྱུ་སོགས་གསལ་བསྒྲགས་བྱས་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎