ཏེ་ལོ་རིན་པོ་ཆེ་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་བ།


2014.10.24
ཏེ་ལོ་རིན་པོ་ཆེ་མཆོག ཏེ་ལོ་རིན་པོ་ཆེ་མཆོག
དྲ་བཤུས

ཏེ་ལོ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག
དེ་ཡང་བཀའ་དྲུང་ཡིག་ཚང་ནས་ཕྱི་ཚེས་༢༣འཁོད་པའི་ལས་བྱེད་གནས་སྤོས་དང་ལས་འགན་བཀོད་སྒྲིག་གི་གསལ་བསྒྲགས་ནང་། ཨུ་རུ་སུ་རྒྱལ་ཁོངས་སུ་ཡོད་པའི་Kalmykསྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་མཚན་གནས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ལུགས་ཚེས་༢༤ཉིན་གནས་ཚུལ་སྤེལ་ཡོད་པ་དང་། གནས་ཚུལ་ནང་། ཨུ་རུ་སུའི་རྒྱལ་ས་མོའོ་སུ་ཀོ་ནང་ཡོད་པའི་ལས་ཐོག་སྐུ་ཚབ་དོན་གཅོད་ཞིང་ནོར་ངག་དབང་རབ་རྒྱས་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་འདུག་པ་དང་།  ཁོང་རྒྱ་གར་དུ་ལས་བཅར་ཞུ་རྒྱུའི་མཐོང་མཆན་ཡིག་ཆ་འགྲིགས་མཚམས་ཏེ་ལོ་རིན་པོ་མཆོག་ནས་རྒྱལ་ས་མོས་ཀོ་ནང་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་འགན་བཞེས་གནང་རྒྱུ་ཡིན་འདུག
ཏེ་ལོ་སྤྲུལ་སྐུ་མཆོག་ནི་ཨ་རིར་འཁྲུངས་ཤིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཏེ་ལོ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། དགུང་ལོ་བདུན་ལ་སོན་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ཆོས་བཞུགས་གནང་སྟེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་གནང་བ་མ་ཟད། ད་ལྟའི་ཆར་ཨུ་རུ་སུའི་མངའ་ཁོངས་Kalmykསྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་གྱི་འགན་བཞེས་མུས་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎