རྒྱལ་སྤྱིའི་བྱིས་པའི་ཞི་བདེའི་ཞི་བདེའི་གཟེངས་རྟགས།


2016.12.04
རྒྱལ་སྤྱིའི་བྱིས་པའི་ཞི་བདེའི་ཞི་བདེའི་གཟེངས་རྟགས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅག་རྒྱུའི་ལས་འགུལ་ཐད་རེ་བ་དོར་རྒྱུ་ཡོད་མ་རེད།
ཨེ་ཨེཕ་པི།

རང་འབྱུང་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་ཅན་གྱི་བྱིས་པའི་ཁོངས་ནས་ཉེ་ཆར་གཟའ་པ་སངས་ཉིན་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ Kehkashan Basu ཞུ་བས་ཨ་མི་རི་ཀའི་སྲིད་འཛིན་དུ་ངེས་པ་སྐུ་ཞབས་Donald Trump ཐེ་བའི་འཛམ་གླིང་གི་དབུ་ཁྲིད་མང་པོས་ཁོར་ཡུག་ཐད་དོགས་འཛིན་གྱི་དགོངས་ཚུལ་བཟུང་གི་ཡོད་རུང་དེ་ལྟར་ཡིན་མིན་ལ་མི་ལྟོས་པར་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅག་རྒྱུའི་ལས་འགུལ་ཐད་རེ་བ་དོར་རྒྱུ་ཡོད་མ་རེད་ཅེས་བརྗོད་ཡོད་པ་རེད། ཁོང་གིས་མུ་མཐུད་དེ་དེང་སང་གི་དུས་སྐབས་འདི་ངེས་གཏན་མེད་པའི་དུས་སྐབས་ཤིག་རེད། ཡིན་ནའང་དོགས་གཞི་ཅན་གྱི་མི་ཚོའི་བསམ་ཚུལ་ལ་ཡིད་ཆེས་མ་བྱས་པར་ གནམ་གཤིསའགྱུར་ལྡོག་དང་ ཁོར་ཡུག་སྲུང་སྐྱོབ་ཀྱི་
ལས་འགུལ་མཇུག་སྐྱོང་བྱེད་དགོས་ཀྱི་རེད་ཅེས་ངའི་ངོས་ནས་རྒྱ་ཆེའི་མང་ཚོགས་ལ་བཤད་ཀྱི་ཡོད་ཅེས་ཡོ་རོབ་ཀྱི་རྒྱལ་ཁབ་ Holland གྱི་གྲོང་ཁྱེར་Hague ནང་ཨེ་ཨེཕ་པི་གསར་ལས་ཁང་ལ་བརྗོད་ཡོད་པ་རེད། རང་འབྱུང་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་ཅན་གྱི་བྱིས་པའི་ཁོངས་ནས་ Kehkashan Basu ཞུ་བའི་ན་ཆུང་བུ་མོ་དེར་ཉེ་ཆར་གཟའ་པ་སངས་ཉིན་སྙན་གྲགས་ཅན་གྱི་རྒྱལ་སྤྱིའི་བྱིས་པའི་ཞི་བདེའི་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་དང་། ཁོང་ནི་ཨ་རབ་ཀྱི་གྲོང་ཁྱེར་  Dubai ནང་རྒྱ་གར་གྱི་ཕ་མར་སྐྱེས་པའི་ལོ་ན་ ༡༦ ལ་སོན་པའི་ན་ཆུང་མ་ཞིག་ཡིན་པ་རེད། ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་བྱིས་པའི་འདུ་ཛོམས་ཆེན་པོ་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་ ༡༧ ཙམ་གྱི་དབུ་ཁྲིད་དང་ཚོང་ཚོགས་ཁག་གི་འགན་འཛིན་རྣམ་པ་ཁོར་ཡུག་དོན་གཉེར་ཅན་སོགས་ཀྱིས་མཉམ་ཞུགས་གོ་བསྡུར་གནང་ཡོད་པ་རེད།།
གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎