མནར་གཅོད་བཀག་སྡོམ་གྱི་ཉིན་མོ།
2013.06.26
༄༅༎བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་དེ་རིང་ཕྱི་ཚེས་༢༦དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་མནར་གཅོད་བཀག་སྡོམ་ཀྱི་ཆིངས་ཡིག་དངོས་སུ་གཏན་འབེབས་གནང་བའི་ཉིན་མོར་དྲན་གསོ་གནང་སྟེ་རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་ཁྲིམས་འགལ་གྱི་སྒོ་ནས་བོད་མི་ཚོར་ཁྲིམས་གཅོད་བྱེད་ཀྱི་ཡོད་པ་དེ་ཚོ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག ལྟེ་གནས་ཁོང་གིས་མུ་མཐུད་བརྗོད་དོན་ལ་རྒྱ་ནག་གཞུང་ནི་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་སྤྱི་ཆིངས་ལ་མིང་རྟགས་བཀོད་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པའི་ངོས་ནས་མནར་གཅོད་ཀྱི་བྱ་སྤྱོད་རིགས་བཀག་སྡོམ་དང༌།རྒྱ་ནག་ནང་མནར་གཅོད་ཀྱི་བྱ་ཐབས་དེའི་རིགས་ལ་ཁྲིམས་གཅོད་ནན་པོ་གཏོང་རྒྱུའི་འོས་འགན་ཡོད་པའི་དྲན་བསྐུལ་བསྒྲགས་༼དུར་ས་འཚོལ་བའི་མི་༽ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་འདུག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་ངོ་སྤྲོད་གནང་བ་ལྟར་ན། དཔེ་དེབ་འདིའི་་བོད་ནང་གི་བོད་རིགས་རྩོམ་པ་པོ་ཞིག་གིས་སོ་སོའི་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་སྙིང་སྟོབས་ཆེན་པོས་བྲིས་པ་ཞིག་ཡིན་འདུག།