བོད་དོན་སེལ་ཐབས་དབུ་མའི་ལམ་གྱི་ལངས་ཕྱོཊ་ལ་འགྱུར་བ་མེད།


2015.01.07
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བདུན་པ། ༢༠༡༥།༡།༥ བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བདུན་པ། ༢༠༡༥།༡།༥
བོད་མིའི་སྒྲིག་འཛུགས

བོད་རྒྱ་ཞི་མོལ་ལས་དོན་ཚོཊ་ཆུང་གི་ཚོགས་འདུའི་སྟེང་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་དང་བོད་མིའི་རང་སྲེག་སྐོར་གླེང་འདུག
དེ་ཡང་སྤྱི་ཟླ་༡ཚེས་༥་ནས་ཚེས་༦་བར་ཉིན་གཉིས་ཀྱི་རིང་བཞུགས་སྒར་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉེར་བདུན་པ་ཚོགས་གནང་བའི་སར། གཙོ་དོན་ད་ཕན་རྒྱ་ནག་གཞུང་གི་སྲིད་དོན་གྱི་འགྱུར་ལྡོག་གི་གནས་སྟངས་དང་དེ་བཞིན་མ་འོངས་པར་བོད་དོན་ཐད་རྒྱ་ནག་གཞུང་དང་འགྲིག་འཇགས་བཀའ་བསྡུར་ཞུ་ཕྱོགས་སྐོར་དང་། རྒྱལ་སྤྱིའི་གནས་སྟངས་བཅས་ཀྱི་སྐོར་བཀའ་བསྡུར་བྱུང་ཡོད་པ་རེད།
ལྷག་དོན་དུ་ད་རེས་ཀྱི་བཞུགས་མོལ་ལྷན་ཚོགས་སར། རྒྱ་ནག་གཞུང་གིས་བོད་ཐོག་གནོན་ཤུགས་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་བོད་དོན་གྱི་ཆེད་དུ་ད་ཕན་བོད་མི་༡༣༥་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེ་ཚོའི་ཐད་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད། ད་རེས་ཉིན་གཉིས་ཀྱི་བཞུགས་མོལ་ལྷན་ཚོགས་ཀྱི་དབུ་བཞུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་ཚོགས་ཡོད་པ་རེད། ལྷན་ཚོགས་དེའི་སར་སྲིད་སྐྱོང་མཆོག་གིས་བསྐྱར་ནན་གསུང་པར། ད་ཕན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་དང་བོད་དོན་ཐད་འགྲིག་འཇགས་བཀའ་བསྡུར་ཞུས་ཡོད་པའི་གནས་སྟངས་འོག་རྩ་དོན་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་ལངས་ཕྱོགས་ཐོག་རྒྱ་ནག་གཞུང་དང་འཚེ་མེད་ཞི་བའི་སྒོ་ནས་གྲོས་མོལ་མུ་མཐུད་ཞུ་རྒྱུའི་འདོད་འདུན་ལ་འགྱུར་བ་མེད་ལུགས་དང་། ལངས་ཕྱོགས་དེ་ནི་ཕན་ཚུན་གཉིས་ཀར་དོན་ཕན་སོན་ཐུབ་པའི་ཐུགས་རེ་ཆེ་ཤོས་དེ་ཡིན་པའི་ཐོུང་གི་དགོངས་འཆར་ཡིན་ལུགས་གསུངས་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

2015-01-06 བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བདུན་པ་དེ་བཞུགས་སྒར་དུ་དབུ་བཙུགས་གནང་འདུག

དེ་ཡང་དེ་རིང་ཕྱི་ཚེས་༥ཉིན་བཞུགས་སྒར་དུ་ཡོད་པའི་Asian health Resortཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བདུན་པ་དེ་དབུ་འཛུགས་གནང་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འགན་བཞེས་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ལྔ་སྐོང་ཚོགས་གནང་ཡོད་པ་རེད། ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་སྐབས་ད་ལྟའི་བོད་དང་རྒྱ་ནག་ནང་གི་གནས་སྟངས་ལ་གཞིགས་ནས་འབྲེལ་མོལ་གྱི་ལས་རིམ་བསྐྱར་གསོ་ཐུབ་རྒྱུའི་ཐོག་བསྐྱར་ཞིབ་གནང་རྒྱུ་ཡིན་པ་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་གསར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་སེལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐད་རོགས་ཕན་ཡོང་ཆེད་ཡིན་པ་རེད། བོད་རྒྱ་ཞི་མོལ་ལྷན་ཚོགས་ཐེངས་ཉི་ཤུ་རྩ་དྲུག་པ་དེ་བཞུགས་སྒར་རྡ་སར་བཀའ་ཤག་གི་ཚོགས་ཁང་ཆེན་མོར་ཕྱི་ལོ་༢༠༡༣་ལོའི་ཕྱི་ཟླ་དང་པོའི་ནང་ཉིན་གྲངས་གསུམ་རིང་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནང་ཚོགས་མི་གསར་པ་བཀའ་བློན་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ཕྱི་དྲིལ་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས། ཡོ་རོབ་སྤྱི་ཟུར་བསོད་ནམས་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཕགས་པ་ཚེ་རིང་ལགས། བྱང་ཨ་མི་རི་ཀའི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་བཅས་ཚོགས་ཆུང་དེའི་ནང་ཚོགས་མི་གསར་དུ་འོས་འདེམས་གནང་ཡོད་པ་རེད། དེ་ནས་ཕྱི་ལོ་༢༠༡༡་གི་ཕྱི་ཟླ་བཅུ་པ་དང་། ཕྱི་ལོ་༢༠༡༢་ལོའི་ཕྱི་ཟླ་དྲུག་པ་བཅས་སོ་སོར་ཚོགས་འདུ་བསྐོངས་ཚོགས་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎