རྟ་མགྲིན་རྡོ་རྗེས་རང་ལུས་མེར་བསྲེགས་འདུག

མདོ་སྨད་རེབ་གོང་དུ་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་རྗེས་སྐུ་གྲོངས་འདུག

2012.11.24

༄༅༎བོད་མདོ་སྨད་རེབ་གོང་མགོན་ཤུལ་དམེ་སྐོར་རུ་ཁག་དང་པོ་ནས་ཡིན་པ་རང་ལོ་༢༩ཕེབས་པ་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་ཕྱི་ཚེས་༢༣ཉིན་བོད་ནང་གི་ཚོུད་བདུན་པ་ཡས་མས་ཙམ་ལ་ རྡོ་དཀར་མོ་ཤང་སྲིད་གཞུང་གི་སྒོ་འགྲམ་དུ་རང་ལུས་མེར་བསྲེག་བཏང་སྟེ་དེ་གར་འདས་གྲོངས་སུ་ཕེབས་ཡོད་པ་དང་།  རྟ་མགྲིན་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་གནང་ཏེ་འདས་གྲོངས་སུ་ཕེབས་པའི་རྗེས་ས་གནས་མི་མང་དང་འདབས་འབྲེལ་གྱི་དགོན་སྡེ་ཁག་ནས་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་ཁོང་གི་སྐུ་ཕུང་མགོན་ཤུལ་སྔགས་སྒར་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་གི་ཉེ་འགྲམ་དུར་ཁྲོད་དུ་གདན་ཞུས་ཀྱིས་ཞུགས་འབུལ་ཞུས་ཡོད་འདུག   འདི་ག་རླུང་འཕྲིན་ཁང་དུ་འབྲེལ་ཡོད་ནས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཉེ་བའི་ཉིན་ཤས་གོང་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་ནང་མི་ཚང་མ་ལྷན་དུ་འཛོམས་བཅུག་ནས་ གླེང་མོལ་དང་། བཟའ་བཏུང་ལ་རོལ་འདུག་པ་དང་།  དེ་བཞིན་དགའ་ཉེ་དང་གྲོགས་པོ་ཁག་ཅིག་རྩེ་ཁོག་རྫོང་ཐོག་ལ་ཁྲིད་ནས་དགའ་འཛོམས་མཐའ་མ་བྱས་ནས་ཁོང་ཚོར་འདི་ལྟ་བུའི་དམ་བསྒྲགས་དང་མནར་གཅོད་འོག་ནས་ང་ཚོས་སྡུག་སྒོམ་བྱས་ནས་སྡོད་བཟོད་དཀའ་བའི་སྐོར་གླེང་མོལ་བྱས་ཡོད་འདུག  རྟ་མགྲིན་རྡོ་རྗེ་ལགས་ལ་ནང་མི་དྲུག་ཡོད་པ་དང་།  ཁོང་གི་མའི་མཚན་ལ་རྒྱ་མོ་སྐྱིད་དང་། ཁོང་ལ་སྤུན་མཆེད་བཞི་ཡོད་པ་ལས་རང་ལོ་༢༣ལ་བསླེབས་པའི་སྲིང་མོ་ཚེ་བརྟན་སྒྲོལ་མ་དང་། རང་ལོ་༢༢ལ་སོན་པའི་སྤུན་མཆེད་ཆོས་འཛིན།   རང་ལོ་༡༥ལ་སླེབས་པ་སྐལ་བཟང་རྡོ་རྗེ་དང་། རང་ལོ་༡༣ཡིན་པ་ཡི་དམ་ཚེ་རིང་བཅས་ཡིན་འདུག  རྟ་མགྲིན་རྡོ་རྗེ་ལགས་ནི་ཁྱིམ་ཚང་འདིའི་འཚོ་གནས་གང་ཅིའི་འགན་ལེན་བྱེད་པོ་ཁྱིམ་བདག་ཡིན་འདུག  གནས་ཚུལ་ངོ་སྤྲོད་གནང་མཁན་གྱི་མུ་མཐུད་གསུང་དོན་ལ་གཞིགས་ན།  ཟླ་བ་འདིའི་ཚེས་༡༧ཉིན་མགོན་ཤུལ་སྒར་བ་ནས་ཡིན་པ་གསང་བདག་ཚེ་རིང་ལགས་ཀྱིས་རྡོ་དཀར་མོ་ཤང་སྲིད་གཞུང་གི་སྒོ་འགྲམ་ནས་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་གི་དྲག་པོའི་སྡུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་པ་དང་། ཕྱི་ཚེས་༢༣ཉིན་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་རྡོ་དཀར་མོ་ཤང་སྲིད་གཞུང་གི་སྒོ་གྲམ་ནས་རང་ལུས་མེར་བསྲེག་བཏང་ཡོད་བའི་རྗེས་ད་ཆ་རེབ་གོང་རོང་འབྲོག་ཏུ་ཤིན་ཏུ་ནས་དམ་བསྒྲགས་དང་གཞུང་གིས་ས་གནས་མི་མང་ཚོར་འཇིགས་སྐུལ་སུན་བཙེར་རིམ་བསྟུན་བྱེད་བཞིན་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎