ཨ་རིས་ཐེ་ལྦན་ལ་མཁའ་དམག་གནམ་གྲུ་ཚོང་བསྒྱུར་བྱེད་མིན་སྐོར།

ཨ་རི་ནས་ཐེ་ལྦན་གཞུང་གིས་མཁའ་དམག་གནམ་གྲུ་ཚོང་བསྒྱུར་ཡོང་བའི་རེ་འདུན་དེ་ཧ་ལམ་རེ་སྟོང་ཞིག་ཏུ་གནས་རྒྱུ་ཡིན་པའི་སྐོར།

2011.08.20

༄༅༎ཨ་མི་རི་ཀའི་ངོས་ནས་ཐེ་ལྦན་གཞུང་གིས་ཐེ་ལྦན་ལ་F-16རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་བསྒྱུར་ཡོང་བའི་རེ་འདུན་དེ་ཧ་ལམ་རེ་སྟོང་ཞིག་ཏུ་གནས་རྒྱུ་ཡིན་པ་ཐེ་ལྦན་གྱི་དཔོན་རིགས་ཞིག་གིས་བརྗོད་འདུག།

དེ་ཡང་ཐེ་ལྦན་གྲོས་ཚོགས་ཀྱི་ཚོགས་གཙོ་ལྦང་ཅིན་ཕིང་གིས་ཨ་མི་རི་ཀས་ཐེ་ལྦན་ལ་མཁའ་དམག་གནམ་གྲུ་ཚོང་བསྒྱུར་བྱེད་མིན་གྱི་བསམ་བློར་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་པ་གསུངས་ཞིང་ འདི་ནི་ཐེ་ལྦན་གྱི་དཔོན་རིགས་ཞིག་གིས་ཡོངས་གྲགས་ཐོག་ནས་ཨ་མི་རི་ཀས་ཐེ་ལྦན་ལ་མཁའ་དམག་གནམ་གྲུ་ཚོང་བསྒྱུར་བྱེད་རྒྱུ་མིན་པའི་ཐག་གཅོད་བྱེད་སྲིད་པའི་སྐོར་གསུངས་པ་ཐོག་མ་དེ་ཡིན་པ་རེད།

འོན་ཀྱང་ཐེ་ལྦན་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཌེ་ལྦིདྲ་ལོས་ཐེ་ལྦན་གཞུང་གི་ངོས་ནས་མུ་འཐུད་F༡༦རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་བསྒྱུར་ཡོང་བའི་འབོད་བསྐུལ་མུ་འཐུད་ཞུ་རྒྱུ་ཡིན་པ་གསུངས་འདུག།

བདེ་སྲུང་གནད་དོན་ཉམས་ཞིབ་པ་ཚོས་ཨ་མི་རི་ཀས་ཐེ་ལྦན་ལ་དགོས་ངེས་F༡༦རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་བསྒྱུར་བྱེད་རྒྱུ་མིན་པ་བརྗོད་བཞིན་ཡོད་ན་ཡང་ ཨ་མི་རི་ཀའི་ངོས་ནས་ཐེ་ལྦན་གྱི་ད་ཡོད་མཁའ་དམག་གནམ་གྲུ་དེ་དག་ཡར་རྒྱས་གཏོང་རྒྱུ་དང་ ཐེ་ལྦན་གྱི་བདེ་སྲུང་ལ་དགོས་ངེས་ཀྱི་མཚོན་ཆ་ཁག་གཅིག་ཚོང་བསྒྱུར་བྱེད་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎