ཐའེ་ལྦན་སློབ་ཕྲུག་༣༠༠༠ལྷག་གིས་ཉེན་རྟོག་པར་ངོ་རྒོལ་བྱས་པ།

ཐའེ་ལྦན་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་སྟོང་ཕྲག་གསུམ་ལྷག་གིས་ཉེན་རྟོག་པས་མི་དམངས་ཐོག་འཛིན་པའི་དྲག་རྩུབ་ཀྱི་བྱ་སྤྱོད་དེར་ངོ་རྒོལ་བྱས་པ།

2008.12.07

༄༅༎དེ་རིང་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་ནང་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་སྟོང་ཕྲག་གསུམ་ལྷག་འདུ་འཛོམས་ཀྱིས་ཁ་སྔོན་ཕྱི་ཟླ་བཅུ་གཅིག་པའི་ནང་ཐའེ་ལྦན་མི་དམངས་ཀྱིས་རྒྱ་ནག་གི་སྐུ་ཚབ་ལ་ངོ་རྒོལ་གྱི་ལས་འགུལ་སྤེན་བའི་སྐབས་ཐའེ་ལྦན་གྱི་ཉེན་རྟོག་པས་མི་དམངས་ཐོག་འཛིན་པའི་དྲག་རྩུབ་ཀྱི་བྱ་སྤྱོད་དེར་ངོ་རྒོལ་བྱས་པ་དང་སྲིད་འཛིན་མའ་ཡིང་ཅི་ཨོའུ་ཡིས་མི་དམངས་ལ་དགོངས་སེལ་ཞུས་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།

ཉེ་ཆར་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་གི་ཐའེ་ལྦན་གྲོས་མོལ་ལས་ཁང་གི་འགོ་ཁྲིད་ཁྲེན་ཡུས་ལིན་ཐའེ་ལྦན་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཚམས་འདྲིར་སླེབས་ཏེ་ཐའེ་ལྦན་གྱི་སྲིད་འཛིན་མའ་ཡིང་ཅི་ཨོའུ་དང་མཇལ་འཕྲད་གནང་ཡོད་ཅིང་ཡིན་ནའང་སྐབས་དེར་ཐའེ་ལྦན་རང་བཙན་དོན་གཉེར་བ་ཚོས་ཁྲེན་ཡུས་ལིན་ལ་ངོ་རྒོལ་བྱས་ཏེ་མཐར་མི་དམངས་དང་ཉེན་རྟོག་པའི་བར་ལ་དྲག་པོའི་གདོང་ཐུག་བྱུང་བ་དང་སྐབས་དེའི་རྒྱ་ནག་གི་སྐུ་ཚབ་ཀྱི་འཚམས་འདྲི་དེ་ཡང་མི་དམངས་ཀྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་པའི་འོག་གནས་བཟོད་མི་བདེ་བ་ཞིག་དང་ཉེན་རྟོག་པ་དང་མི་དམངས་བར་གྱི་དྲག་ཟིང་གི་གནས་སྟངས་འོག་ལ་མཇུག་སྒྲིལ་དགོས་བྱུང་བ་དང་ཉེན་རྟོག་པས་མི་དམངས་ཐོག་དྲག་རྩུབ་ལག་བསྟར་བྱས་ཏེ་མི་དམངས་ཁྱོན་བརྒྱ་དང་བཅུ་ལྷག་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད། དེར་བརྟེན་དེ་རིང་ཐའེ་ལྦན་གྱི་ས་གནས་ཕྱོགས་ཁག་ནས་རྒྱལ་ས་ཐའེ་པེ་ནང་འདུ་འཛོམས་བྱས་པའི་སློབ་ཕྲུག་ཚོས་ཉེས་རྡུང་ཕོག་པའི་མི་དམངས་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཐབས་སུ་གཞུང་ལ་ངོ་རྒོལ་གྱི་གོམ་བགྲོས་བྱས་པ་མ་ཟད་སློབ་ཕྲུག་གི་ལས་འགུལ་ཚོགས་པའི་མགྲིན་ཚབ་པས་སྲིད་འཛིན་མའ་ཡིང་ཅི་ཨོའུ་ཡིས་སྐབས་དེར་གཞུང་གི་ཉེན་རྟོག་པས་མི་དམངས་ཐོག་དྲག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ་དེར་ངེས་པར་དུ་དགོངས་སེལ་ཞུ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད། རྒྱ་ནག་གི་སྐུ་ཚབ་ཁྲེན་ཡུན་ལིན་ནི་དེ་སྔ་ཕྱི་ལོ་༡༩༤༩ལོར་རྒྱ་ནག་རྒྱལ་ནང་དམག་འཁྲུགས་བྱུང་སྟེ་ཐའེ་ལྦན་དང་རྒྱ་ནག་གཉིས་དུམ་བུར་ཕྱིན་པའི་རྗེས་སུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཀྱི་གོ་གནས་ཡོད་པའི་སྐུ་ཚབ་ཐའེ་ལྦན་དུ་འཚམས་འདྲིར་སླེབས་པ་ཐེངས་དང་པོ་ཡིན་ཞིང་དེ་བཞིན་ཁྲེན་ཡུན་ལིན་གྱི་ཐའེ་ལྦན་གྱི་འཚམས་འདྲི་གྲ་སྒྲིག་གི་ཆེད་དུ་ཕྱི་ཟླ་བཅུ་པའི་ནང་རྒྱ་ནག་གི་ཐའེ་ལྦན་གྲོས་མོལ་ལས་ཁང་གི་འགོ་ཁྲིད་གཞོན་པ་ཀྲང་མིང་ཆིང་ཐའེ་ལྦན་དུ་འཚམས་འདྲིར་འབྱོར་བའི་སྐབས་ཐའེ་ལྦན་རང་བཙན་དོན་གཉེར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་རྣོ་ངར་ཆེན་པོས་སྤེལ་བ་མ་ཟད་འབུད་རྒྱག་བརྒྱབ་སྟེ་ས་ཐོག་ཏུ་འགྱེལ་བའི་གནས་ཚུལ་བྱུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎