ཨ་མི་རི་ཀའི་མཐོ་རིམ་མི་སྣས་ཐེ་ཝན་ནང་གཞུང་འབྲེལ་གཟིགས་སྐོར།


2020.08.10
ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་ཡིས་ཐེ་ཝན་ནང་གཞུང་འབྲེལ་གཟིགས་སྐོར། ༢༠༢༠།༨།༡༠ ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་ཡིས་ཐེ་ཝན་ནང་གཞུང་འབྲེལ་གཟིགས་སྐོར། ༢༠༢༠།༨།༡༠
AFP

ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་(Alex Azar)་ལགས་ཀྱིས་ཐེ་ཝན་དང་མཉམ་འབྲེལ་བྱེད་ཕྱོགས་ཀྱི་ཟིན་ཐོར་མཚན་རྟགས་བཀོད་སྐབས་ཐེ་ཝན་གྱི་དམངས་གཙོ་དང་སྤྱི་ཚོགས་ཕྱི་གསལ་ནང་གསལ་ལ་རྒྱབ་སྐྱོར་གནང་རྒྱུ་གསུང་འདུག
ཨ་རིའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་(Alex Azar)་ལགས་ཀྱིས་སྣེ་ཁྲིད་པའི་གཟིགས་སྐོར་ཚོགས་པ་ཞིག་འདི་ཚེས་༩་རེས་གཟའ་ཉི་མའི་དགོང་དྲོར་ཐེ་ཝན་ནང་འབྱོར་ཏེ་། རེས་གཟའ་ཟླ་བ་ནས་ཉིན་གྲངས་གསུམ་རིང་གཞུང་འབྲེལ་གཟིགས་སྐོར་བྱེད་བཞིན་པ་དང་། དེ་ནི་ལོ་ངོ་༤༡་གི་རིང་ཨ་རིའི་ཚད་མཐོའི་དཔོན་རིགས་ཞིག་ཐེ་ཝན་ནང་ཕེབས་པ་ཐོག་མ་ཆགས་ཡོད།
ཚེས་༡༠་ཉིན་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་དང་། ཐེ་ཝན་སྲིད་འཛིན་ཚེ་དབྱིན་ཝིན་ (Tsai Ing-wen)་རྣམ་གཉིས་ཐུག་འཕྲད་དུས་སུ། ཚེ་དབྱིན་ཝིན་ (Tsai Ing-wen)་ལགས་ཀྱིས་ཐེངས་འདིའི་ཐུག་འཕྲད་ནི་ཐེ་ཝན་དང་ཨ་རིའི་ནད་ཡམས་སྔོན་འགོག་ལས་དོན་མཉམ་འབྲེལ་ཐད་གལ་འགངས་ཆེ་བའི་གོམ་པ་སྤོས་བ་ཡིན་པ་གསུང་ཡོད་ལ། དེ་བཞིན་སྐུ་ཞབས་ཨ་ཛར་(Alex Azar)་ནས་ཨ་རིའི་སྲིད་འཛིན་(Trump)་ནས་ཐེ་ཝན་ལ་མཛའ་བརྩེ་གཏིང་ཟབ་དང་རྒྱབ་སྐྱོར་ཤུགས་ཆེན་པའི་རྣམ་པ་བརྒྱུད་སྤྲོད་དང་འབྲེལ། ད་ལོའི་ནད་ཡམས་དུས་སུ་ཐེ་ཝན་གྱིས་སྔོན་འགོག་ལས་དོན་ཐད་གྲུབ་འབྲས་ལེགས་པོ་བླངས་བ་དེ་ནི། འཛམ་གླིང་ཁྱོན་ཡོངས་ལ་དཔེ་སྟོན་ཡག་པོ་ཞིག་ཡིན་པར་བསྔགས་བརྗོད་དང་། དེ་ནི་ཐེ་ཝན་གྱི་སྤྱི་ཚོགས་དང་རིག་གཞུང་ཁྲོད་ཕྱི་གསལ་ནང་གསལ་དང་དམངས་གཙོའི་ངོ་བོའི་རིན་ཐང་མཚོན་པ་ནན་གསུང་གནང་འདུག
དེ་བཞིན་ཕྱི་དྲོར་ཐེ་ཝན་འཕྲོད་བསྟེན་དང་བདེ་དོན་ལས་ཁུངས་ནང་། ཨ་རིའི་འཕྲོད་བསྟེན་དྲུང་ཆེ་དང་ཐེ་ཝན་འཕྲོད་བསྟེན་བློན་ཆེན་བར་ཡུལ་གཉིས་ཀྱི་འཕྲོད་བསྟེན་ལས་དོན་མཉམ་འབྲེལ་བྱེད་ཕྱོགས་ཀྱི་ཟིན་ཐོར་ཆིངས་ཡིག་བཀོད་ནས། ཡུལ་གཉིས་མཉམ་འབྲེལ་གྱིས་འཛམ་གླིང་གི་སྤྱི་བའི་འཕྲོད་བསྟེན་ལས་དོན་ལ་འབད་ཕྱོགས་ཐད་གླེང་མོལ་བྱས་འདུག
ད་ཪེས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝིན་(Tsai Ing-wen)་དང་ཨ་རིའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་(Alex Azar)་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་དང་ཐུག་འཕྲད་བརྒྱུད་རིམ་ཆ་ཚང་ཁྲོད་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་མི་འགྲོ་བའི་ཆེད་ཚང་མས་ཁ་རས་གྱོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎