ཐེ་ཝན་གྱིས་ཨ་རིའི་ཁ་པར་འབྲེལ་མཐུད་མ་ལག་ཉོ་སྒྲུབ་བྱ་རྒྱུ་དེས་ཕྱིའི་རྒོལ་རྡུང་འགོག་པར་ཕན་སྲིད་པ།

2020.12.14
ཐེ་ཝན་གྱིས་ཨ་རིའི་ཁ་པར་འབྲེལ་མཐུད་མ་ལག་ཉོ་སྒྲུབ་བྱ་རྒྱུ་དེས་ཕྱིའི་རྒོལ་རྡུང་འགོག་པར་ཕན་སྲིད་པ། ཨ་རི་དང་ཐེ་ཝན་གཉིས་ཀྱི་རྒྱལ་དར།
Reuters

ཐེ་ཝན་གྱིས་ཨ་རིའི་ཁ་པར་འབྲེལ་མཐུད་མ་ལག་ཉོ་སྒྲུབ་བྱ་རྒྱུ་དེས་རྒྱ་ནག་གིས་ཐེ་ཝན་ཐོག་དྲ་ལམ་རྒོལ་རྡུང་གཏོང་རྒྱུར་འགོག་ཐབས་ཀྱི་ནུས་པ་ཐོན་སྲིད་པ་གནད་དོན་དབྱེ་ཞིབ་པས་གསུང་འདུག
ཨ་རིའི་གཞུང་གིས་ཉེ་ཆར་ཐེ་ཝན་ལ་དམག་དོན་གྱི་མཁོ་ཆས་གློག་ལས་འབྲེད་མཐུད་ཁ་པར་གྱི་ཡོ་ཆས་བཙོང་རྒྱུའི་ཐག་གཅོད་གནང་ཡོད་པ་དང་། དམག་དོན་གྱི་ཁ་པར་འབྲེལ་འཐུད་ཡོ་ཆས་དེ་རིགས་ཀྱིས་རྒྱ་ནག་གི་དམག་དཔུང་གིས་དྲ་རྒྱའི་རྒོལ་རྡུང་བཏང་ཚེ་ཐེ་ཝན་གྱིས་འགོག་རྒོལ་གྱི་རང་སྲུང་ནུས་པ་བཏོན་རྒྱུར་ཕན་ཐོག་ཆེན་པོ་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན། ཁ་པར་གྱི་འབྲེལ་འཐུད་ཡོ་ཆས་དེ་རིགས་ཨ་རིས་ད་ལོ་ཐེ་ཝན་དུ་ཕྱིར་ཚོང་བྱས་པའི་དམག་དོན་གྱི་ཡོ་ཆས་གཞན་དང་བསྡུར་ན་མི་རྣམས་ཀྱིས་དོ་སྣང་དེ་ཙམ་ཆེན་པོ་བྱས་མེད་ཀྱང་། གལ་སྲིད་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་གིས་དྲ་རྒྱའི་དམག་འཐབ་ཀྱི་ནུས་པ་ཇེ་ཆེར་གཏོང་བཞིན་པའི་གནས་སྟངས་འོག ཨ་རིའི་ཁ་པར་འབྲེལ་མཐུད་དང་འབྲེལ་བའི་དམག་དོན་གྱི་ཡོ་ཆས་དེ་རིགས་ཀྱིས་ཐེ་ཝན་གྱི་དྲ་རྒྱའི་དམག་འཐབ་ཐད་མི་འདེངས་བའི་ཞན་ཆ་ཁ་སྐོང་ཐུབ་རྒྱུ་ཡིན་པ་རེད།
གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཐེ་ཝན་ལ་ཨ་སྒོར་ས་ཡ་༢༨༠ཡི་མ་གནས་ཡོད་པའི་གནས་ཚུལ་འབྲེལ་འཐུད་མ་ལག་ཚོང་རྒྱུའི་སྐོར་གྲོས་ཚོགས་སུ་སྙན་སེང་ཞུས་ཡོད་ཅིང་། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལས་ཁང་གིས་གསུངས་བར་གཞིགས་ན། ཐེ་ཝན་ལ་བཙོང་རྒྱུའི་གནས་ཚུལ་འབྲེལ་མཐུད་ཀྱི་མ་ལག་དེའི་ནང་མཐུད་མཚམས་ཁག་༡༥༤ཙམ་དང་། འབྲེལ་མཐུད་བཀོད་བྱུས་མ་ལག་༢༤། དྲ་རྒྱའི་དོ་དམ་མ་ལག་བརྒྱད་དང་དེ་དང་འབྲེལ་བའི་ཡོ་ཆས་དང་ལག་རྩལ་མི་སྣར་ཟབ་སྦྱོང་སྤྲོད་རྒྱུ་མ་ཟད། མ་འོངས་རྒྱབ་ཕྱོགས་ཀྱི་རྒྱབ་སྐྱོར་སོགས་ཚུད་ཡོད་པ་རེད།
ད་ལོའི་ཕྱི་ཟླ་ལྔ་པ་ནས་བཟུང་། ཨ་རི་གཞུང་གིས་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་ལྔ་ལྷག་གི་དམག་དོན་ཡོ་ཆས་ཕྱིར་ཚོང་བྱས་ཡོད་པ་དང་། དེ་ཚོའི་ནང་ཁ་ལོ་བ་མི་དགོས་པའི་དམག་གི་སོ་ལྟའི་གནམ་གྲུ་དང་། ནུས་ཤུགས་ཆེ་བའི་རང་འགུལ་གྱི་མེ་སྒྱོགས་དང་། རེ་ཌཱར་སྒྲ་རླབས་འཕྲུལ་ཆས་སོགས་དམག་དོན་གྱི་གོ་མཚོན་མང་པོ་ཞིག་ཕྱིར་ཚོང་བྱས་ཡོད་པ་རེད། ཨ་རིའི་ཐེ་ཝན་གྱི་ཚོང་དོན་ལས་ཁང་གི་འགན་འཛིན་ནས་གསུངས་ན། ཨ་རིས་ཐེ་ཝན་ལ་དམག་དོན་གྱི་ཡོ་ཆས་ཕྱིར་ཚོང་བྱེད་རྒྱུ་དང་། ལྷག་པར་དུ་གནས་ཚུལ་འབྲེལ་འཐུད་ཡོ་ཆས་ཕྱིར་ཚོང་བྱ་རྒྱུ་དེས་ཐེ་ཝན་གྱི་དེང་རབས་ཅན་གྱི་དྲ་རྒྱའི་དམག་འཐབ་ནང་ནུས་པ་ཐོན་རྒྱུར་ཕན་ཐོག་ངེས་ཅན་ཞིག་ཡོང་རྒྱུ་ཡིན་པའི་སྐོར་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎