ཐའེ་ལྦན་གྱིས་མཁའ་དམག་གི་གནམ་གྲུ་མཁོ་གྲུབ་བྱས་ཡོད་པ།

ཐའེ་ལྦན་རང་ནས་བཟོ་བསྐྲུན་བྱས་པའི་སྲུང་སྐྱོབ་ཀྱི་གནམ་གྲུག་ཁག་ཅིག་ཏའི་ཅུང་གྲོང་ཁྱེར་ནང་རྩིས་སྤྲོད་གནང་གཏན་འཁེལ་ལུགས།

2011.06.26

༄༅༎རེས་གཟའ་ཉི་མའི་ཉིན་ཐའེ་ལྦན་གྱི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གིས་གསལ་བསྒྲགས་གནང་བ་ལྟར་ན། ཐའེ་ལྦན་རང་ནས་བཟོ་བསྐྲུན་བྱས་པའི་སྲུང་སྐྱོབ་ཀྱི་གནམ་གྲུག་ཁག་ཅིག་རེས་གཟའ་ཕུར་བུའི་ཉིན་ཏའི་ཅུང་གྲོང་ཁྱེར་ནང་རྩིས་སྤྲོད་གནང་གཏན་འཁེལ་ལུགས་ ཨེ་ཨེཕྤི་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཤག། ཐའེ་ལྦན་གྱིས་མཁའ་དམག་གི་ནུས་སྟོབས་གོང་འཕེལ་ཆེད་ཐའེ་ལྦན་གྱི་ཌོ་ལར་ཐེར་འབུམ་༡༨དམ་ཨ་རིའི་ཌོ་ལར་ ས་ཡ་༥༨༧གཏོང་རྒྱུའི་འཆར་གཞི་ཕྱི་ལོ་༢༠༠༩ལོར་འགོ་འཛུགས་བྱས་ཡོད་འདུག། ཕྱི་ལོ་༢༠༠༨ལོར་ཨ་མི་རི་ཀས་ཐའེ་ལྦན་ལ་མཁའ་དམག་གི་གནམ་གྲུ་ ཨེཕ་༡༦སི་དང་ཌི་(F16C/D) ཚོང་རྒྱུ་བཀག་འགོག་བྱས་པ་མ་ཟད། ཨེཕ་༡༦ཨེ་དང་བྭི་(F16A/B) ཉམས་གསོ་ཡང་མ་གནང་བར་བརྟེན་ནས། ཐའེ་ལྦན་རང་ཉིད་ཀྱིས་མཁའ་དམག་གི་གནམ་གྲུབ་བཟོ་བསྐྲུན་གོ་འཛུགས་བྱས་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག། ཐའེ་ལྦན་གྱི་སྲིད་འཛིན་ མྭ་ཡིངྗུ་(Ma Ying-jeou) ཡིས་འདས་པའི་ལོ་གསུམ་རིང་རྒྱ་ནག་གཞུང་དང་བསྟུན་མཁས་གནང་ཡོད་ཀྱང་། རེས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་སྲུང་སྐྱོབ་དྲུང་ཆེ་ཟུར་པ་ པའོལ་ལྦུལྥ་ལྦིཛི་(Paul Wolfowitz) རྒྱལ་ས་ ཐེ་པེ་ནང་མཇལ་འཕྲད་སྐབས་ མཁའ་དམག་གི་གནམ་གྲུ་ཨེཕ་༡༦སི་དང་ཌི་(F16C/D) རྟགས་ཅན་གྱི་ཚོང་འབྲེལ་ལག་ལེན་བསྟར་དགོས་པའི་སྐུལ་དེད་ནན་པོ་གནང་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎