ལྷོ་ཨ་མི་རི་ཀའི་པེ་ར་གུ་ལྦེ་དང་ཐའེ་ལྦན་གྱི་འབྲེལ་བའི་སྐོར།

ཐའེ་ལྦན་དང་པེ་ར་གུ་ལྦའི་གཉིས་ཀྱི་འབྲེལ་ལམ་ཐད་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་ལུགས་གསར་འགོད་གསལ་བསྒྲགས་ཤིག་ནང་བཀོད་འདུག

2008.09.02

༄༅༎ལྷོ་ཨ་མི་རི་ཀའི་ཡུལ་གྲུ་པེ་ར་གུ་ལྦེའི་སྲིད་འཛིན་གསར་པས་ཁོང་གི་སྲིད་གཞུང་ནས་ཐའེ་ལྦན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་འཛུལ་ཞུགས་བྱ་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་གནང་རྒྱུ་མིན་ལུགས་གསུངས་མིན་ལ་མ་བལྟོས་པར་ ཐའེ་ལྦན་དང་པེ་ར་གུ་ལྦའི་གཉིས་ཀྱི་འབྲེལ་ལམ་ཐད་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་ལུགས་ཐའེ་ལྦན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧེན་རི་ཁྲེན་གྱིས་མཚན་ཐོག་ནས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཀྱི་ནང་བཀོད་འདུག

པེ་ར་གུ་ལྦའི་སྲིད་འཛིན་གསར་པ་སྐུ་ཞབས་ཕར་ནེན་ཌོ་ལུ་གོས་ སྲིད་འཛིན་གྱི་འོས་བསྡུའི་ལས་འགུལ་སྐབས་ཐའེ་ལྦན་དང་གཞུང་འབྲེལ་བཅད་དེ་ རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་ལམ་གསར་འཛུགས་བྱ་རྒྱུ་ཡིན་ལུགས་གསུངས་ཡོད་པ་དང་ གཟའ་ཉི་མའི་ཉིན་བརྙན་འཕྲིན་ལས་ཁང་ཞིག་གི་བཅར་འདྲིར་བཀའ་ལན་གནང་སྐབས་ ཁོང་གི་སྲིད་གཞུང་ནས་དེ་སྔོན་ལོ་མང་རིང་ ཐའེ་ལྦན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱ་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད་ན་ཡང་ འདི་ལོ་ཕྱི་ཟླ་དགུ་པའི་ཚེས་ ༡༦ ནས་འགོ་འཛུགས་བྱ་རྒྱུའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ ཐའེ་ལྦན་གྱི་ལས་དོན་དེར་རྒྱབ་སྐྱོར་གནང་རྒྱུ་མིན་ལུགས་གསལ་བཤད་གནང་ཡོད་པ་རེད་

འོན་ཀྱང་ཐའེ་ལྦན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧེན་རི་ཁྲེན་གྱིས་གསར་འགོད་གསལ་བསྒྲགས་དེའི་ནང་ སྲིད་འཛིན་ལུ་གོའི་བཀའ་མོལ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་པ་དང་ དེ་དོན་ཉེ་སྔོན་ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུར་སྲིད་འཛིན་ལུ་གོས་ཞལ་བཞེས་གནང་ཡོད་པ་རེད་ཅེས་གསུངས་འདུག

ཐའེ་ལྦན་དང་པེ་ར་གུ་ལྦའི་འབྲེལ་ལམ་གྱི་གནས་བབ་དེ་ རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་པའི་བརྒྱུད་རིམ་གྱི་ནང་མཚོན་དོན་གལ་ཆེ་ཞིག་ཆགས་སྲིད་ཅིང་ ཐའེ་ལྦན་གྱི་ཕྱི་སྲིད་བློན་ཆེན་གྱིས་འདི་ལོ་ཕྱི་ཟླ་ལྔ་པའི་ནང་ གལ་ཏེ་རྒྱ་ནག་གཞུང་གིས་པེ་རུ་གུ་ལྦའི་དང་ཐའེ་ལྦན་གྱི་འབྲེལ་ལམ་བཅད་ཐབས་ཀྱི་ལས་དོན་སྤེལ་ཚེ་ ཐའེ་ལྦན་གྱི་ངོས་ནས་དེ་ནི་ རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས་ ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུས་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་རེ་བ་དེར་ངོས་ལེན་གནང་གི་མེད་པའི་མཚོན་དོན་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཆགས་རྒྱུ་ཡིན་པའི་དགོངས་ཚུལ་གསལ་བཏོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎