ཐེ་ལྦན་གྱི་འོས་བསྡུའི་ནང་གོ་མིན་ཏང་ལ་རྒྱལ་ཁ་ཐོབ་པ།

ཐེ་ལྦན་གྱི་ས་གནས་འོས་བསྡུ་དེར་གོ་མིན་ཏང་ལ་རྒྱལ་ཁ་ཐོབ་པར་རྒྱ་ནག་གི་ལྷན་དུ་མཛའ་གྲོགས་ཀྱི་འབྲེལ་ལམ་ཉེ་རུ་འགྲོ་རྒྱུའི་སྔོན་དཔགས།

2010.11.28

༄༅༎ཐེ་ལྦན་གྱི་ས་གནས་ཀྱི་གལ་གནད་ཆེ་བའི་འོས་བསྡུ་དེར་གོ་མིན་ཏང་ལ་རྒྱལ་ཁ་ཐོབ་པ་དེ་ཡིས་ཐེ་ལྦན་ཕྱོགས་ནས་རྒྱ་ནག་གི་ལྷན་དུ་མཛའ་གྲོགས་ཀྱི་འབྲེལ་ལམ་ཉེ་རུ་འགྲོ་རྒྱུ་ཡིན་པ་སྔོན་དཔགས་བྱེད་ཀྱི་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་ཐེ་ལྦན་གྱི་གྲོང་ཁྱེར་ཆེ་ཁག་ལྔའི་སྤྱི་ཁྱབ་པ་འོས་འདེམས་ནང༌། ཐེ་ལྦན་གོ་མིན་ཏང་ལ་གསུམ་གྱི་རྒྱལ་ཁ་ཐོབ་པ་དེའི་རྟགས་མཚན་ནི། འོས་ཤོག་འཕེན་མཁན་མི་དམངས་ཚོས་སྲིད་འཛིན་མའ་དབྱིང་ཅོ་ཡིས་རྒྱ་ནག་དང་མཉམ་ལས་འབྲེལ་ལམ་བྱེད་པའི་སྲིད་ཇུས་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པར་ངོས་འཛིན་བྱེད་པ་མ་ཟད། སྲིད་འཛིན་མའ་དབྱིང་ཅོ་ཡིས་རྒྱ་ནག་ཐོག་ལ་འཛིན་པའི་སྲིད་ཇུས་དེ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་པའི་གོ་སྐབས་སྐྲུན་པ་ཞིག་དང༌། མཚོ་ཁག་གཉིས་ཀྱི་འབྲེལ་ལམ་ཉེ་རུ་འགྲོ་བའི་ཆ་རྐྱེན་སྐྲུན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཐེ་ལྦན་རྒྱལ་ཡོངས་མཐོ་རིམ་སློབ་གཉེར་ཁང་གི་ཆབ་སྲིད་སློབ་དཔོན་ཀྲང་ལིང་ཁྲེན་གྱིས། ད་རེས་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་འདེམས་ནང་ཐེ་ལྦན་གོ་མིན་ཏང་ལ་རྒྱལ་ཁ་ཐོབ་ཏེ་སྲིད་འཛིན་མའ་དབྱིང་ཅོ་ཡི་དབང་ཆ་སྲུང་སྐྱོབ་བྱེད་པར་ལམ་ལྷོང་བྱུང་བ་དེ་ནི། མ་འོངས་ཕྱི་ལོ་༢༠༡༢ལོའི་ཐེ་ལྦན་གྱི་སྲིད་འཛིན་འོས་བསྡུའི་ནང་བསྐྱར་དུ་མའ་དབྱིང་ཅོ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྣོན་གོ་སྐབས་ཆེན་པོ་ཞིག་བྱུང་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་རེད། འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཐེངས་འདིའི་རྒྱལ་ཁ་དེ་ཡིས། མའ་དབྱིང་ཅོ་མ་འོངས་པའི་སྲིད་འཛིན་འོས་འདེམས་ཡོང་རྒྱུར་དཀའ་ངལ་སེལ་བ་ཞིག་མིིན་པ་དང༌། ད་ལྟ་ཐེ་ལྦན་གྱི་གྲོང་ཁྱེར་དང་གྲོང་གསེབ་བར་དབུལ་ཕྱུག་ཁྱད་པར་གྱི་དཀའ་ངལ་དང༌། ལས་མེད་ཀྱི་དཀའ་ངལ་ཆེ་རུ་འགྲོ་བ་དེ་ཡིས། ཁོང་མ་འོངས་པའི་སྲིད་འཛིན་འོས་འདེམས་ཀྱི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་པར་དཀའ་ངལ་དེ་དག་གདོང་ལེན་བྱེད་དགོས་པའི་འགག་རྩ་ཞིག་ཡོང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎