ཐའེ་ལྦན་གྱི་བདག་དབང་ཐད་ཕྱིར་བཤོལ་སྐྱོན་རྩིས་མེད་སྐོར།

ཐའེ་ལྦན་གྱི་སྲིད་འཛིན་མ་དབྱིང་ཇུ་ཡིས་རྒྱ་ནག་མཉམ་ཐའེ་ལྦན་གླིང་ཕྲན་གྱི་བདག་དབང་ཐད་ཕྱིར་བཤོལ་སོར་གང་སྐྱོན་རྩིས་མེད་སྐོར་གསུངས་བཞག

2008.11.02

༄༅༎ཐའེ་ལྦན་གྱིས་རྒྱ་ནག་མཉམ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་མོལ་གནང་རྒྱུའི་སྔ་ནུབ་ཏུ་ཐའེ་ལྦན་གྱི་སྲིད་འཛིན་མ་དབྱིང་ཇུ་ཡིས་རྒྱ་ནག་མཉམ་ཐའེ་ལྦན་གླིང་ཕྲན་གྱི་བདག་དབང་ཐད་རྩོད་རྙོག་ཡོད་བཞིན་པའི་ཐད་ཕྱིར་བཤོལ་སོར་གང་སྐྱོན་རྩིས་མེད་སྐོར་ཁ་ས་གསུངས་བཞག

ཐའེ་ལྦན་རང་བཙན་དོན་གཉེར་བ་དམངས་གཙོ་ཡར་ཐོན་ཚོགས་པས་སྲིད་འཛིན་མ་དབྱིན་ཇུ་ཡིས་ཐའེ་ལྦན་རྒྱ་ནག་ལ་འཚོང་རྩིས་གནང་གི་ཡོད་པའི་སྐྱོན་འཛུགས་ལ་མ་དབྱིན་ཇུས་ཁས་ལེན་གནང་མེད་པ་རེད། ཁོང་གིས་ཐའེ་པེ་ནང་འགྲེམས་སྤེལ་བྱས་པའི་ཆིག་བསྒྲིལ་ཉིན་རེའི་གསར་ཤོག་གིས་བཅར་འདྲིར་དང་ལེན་གནང་སྐབས་གོང་ཞུས་བཀའ་མོལ་དེ་གསུངས་ཡོད་པ་དང་དེ་ཡང་རྒྱ་ནག་གཞུང་གིས་མཐོ་རིམ་དཔོན་རིགས་ཁྲེན་ཡུན་ལིན་ཐའེ་ལྦན་ནང་ཕེབས་རྒྱུའི་སྔ་ནུབ་དེར་གསུངས་བ་ཞིག་རེད་འདུག

རྒྱ་ནག་གི་དཔོན་རིགས་ཁྲེན་ཡུན་ལིན་དང་ཐའེ་ལྦན་གྱི་དཔོན་རིགས་ཁྲིན་ཕིན་གུང་གཉིས་ནས་ཕྱོགས་ཕན་ཚུན་དབར་མཚོ་ཐོག་ཐད་ཀར་དངོས་ཟོག་འདྲེན་གཏོང་དང་མཁའ་ལམ་དོ་འདྲེན།བཟའ་ཆ་སྤུས་ཚད་ཐོག་བཏང་འཛིན་དང་ཡིག་ཟམ་འབྲེལ་མཐུད་བཅས་ཀྱི་ཐོག་མཉམ་འབྲེལ་གནང་རྒྱུའི་མཐུན་གྲོས་ཐོག་མིང་རྟགས་འགོད་གནང་རྒྱུ་ཡིན་པ་ལས་གྲོས་གཞིའི་ནང་ཆབ་སྲིད་དང་འབྲེལ་བའི་གནད་དོན་འཇུག་གནང་རྒྱུ་མིན་སྐོར་མ་དབྱིན་ཇུ་ཡི་གཞུང་སྲིད་འཛིན་སྐྱོང་གིས་འགན་ལེན་གནང་ཡོད་པ་རེད།

དམངས་གཙོ་ཡར་ཐོན་ཚོགས་པས་རྒྱ་ནག་གི་དཔོན་རིགས་ཁྲེན་ཡུན་ལིང་ཐའེ་ལྦན་ནང་འབྱོར་ཡུན་རིང་མང་ཚོགས་ཀྱིས་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་གནང་འཆར་ཡོད་པ་མ་ཟད་སྲིད་འཛིན་མ་དབྱིང་ཇུ་ཡིས་ཐའེ་ལྦན་གྱི་བདག་དབང་དང་འབྲེལ་བའི་གནད་དོན་ཐད་རྒྱབ་ཤིག་སྐྱོན་གྱི་ཡོད་པའི་སྐྱོན་འཛུགས་ཀྱང་ཞུ་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎