ཐའེ་ལྦན་སྲིད་འཛིན་གསར་པའི་ཐེངས་དང་པོའི་འཚམས་གཟིཌ།
2008.08.12
༄༅༎ཐའེ་ལྦན་གྱི་སྲིད་འཛིན་ མ་ཡེང་ཇོ་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས་ཀྱི་ ཕྱི་རྒྱལ་གྱི་གཞུང་འབྲེལ་འཚམས་གཟིགས་དང་པོ་དེ་གཟའ་མིག་དམར་ཉིན་འགོ་འཛུགས་གནང་རྒྱུ་ཡིན་འདུག་པ་དང་ ཁོང་ཕེབས་སའི་ཡུལ་གྲུ་ཞིག་གིས་ རིང་མིན་ཐའེ་ལྦན་དང་གཞུང་འབྲེལ་བཅད་སྟེ་ པེ་ཅིང་རྒྱ་ནག་གཞུང་དང་འབྲེལ་ལམ་འཛུགས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད་
སྲིད་འཛིན་མ་ཡེང་ཇོ་ཕྱི་ཟླ་བརྒྱད་པའི་ཚེས་ ༡༥ ཉིན་དབུས་ཨ་མི་རི་ཀའི་ཡུལ་གྲུ་ པེ་ར་གུ་ལྦེའི་སྲིད་འཛིན་འོས་ཐོབ་སྐུ་ཞབས་ ཕར་ནེན་ཌོ་ལུ་གོའི་དམ་འབུལ་གྱི་མཛད་སྒོར་ཆེད་བཅར་གནང་རྒྱུ་ཡིན་འདུག་པ་དང་ དེ་རྗེས་ཌོ་མི་ན་ཁེན་སྤྱི་མཐུན་རྒྱལ་ཁབ་དུ་ཆེད་ཕེབས་ཀྱིས་ ཡུལ་དེའི་སྲིད་འཛིན་ལིཡོ་ནེལ་ཕར་ནེན་ཌེཛ་དང་མཇལ་འཕྲད་གྲོས་མོལ་གནང་རྒྱུ་ཡིན་འདུག
འདི་ལོ་ཕྱི་ཟླ་བཞི་པའི་ནང་ པེ་ར་གུ་ལྦའི་སྲིད་འཛིན་ ཕར་ནེན་ཌོ་ ལུ་གོས་ ཐའེ་ལྦན་དང་ལོ་ངོ་ ༥༡ གི་ཆབ་སྲིད་ཀྱི་འབྲེལ་ལམ་བཅད་སྟེ་ རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་ལམ་གསར་འཛུགས་གནང་རྒྱུ་ཡིན་པ་གསུངས་ཡོད་ལ་ དེ་རྗེས་ཡུལ་དེའི་ཕྱི་སྲིད་བློན་ཆེན་གསར་པ་ངེས་པ་དེས་ཀྱང་ པེ་ར་གུ་ལྦེ་དང་ཐའེ་ལྦན་གྱི་འབྲེལ་ལམ་ལ་བསྐྱར་ཞིབ་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།