ཐེ་དབན་གྱིས་སྲུང་སྐྱོབ་སྔར་ལས་ཤུགས་ཆེ་རུ་གཏང་རྒྱུ།

ཐེ་དབན་གྱིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་གི་རྒྱ་མཚོའི་གླིང་ཕྲན་ཐོག་སྲུང་སྐྱོབ་ཀྱི་ལས་དོན་སྔར་བས་ཤུགས་ཆེ་རུ་གཏང་རྒྱུའི་འཆར་གཞི་ཡོད་པ།

2011.06.12

༄༅༎ཐེ་དབན་གྱིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་གི་རྒྱ་མཚོའི་གླིང་ཕྲན་ཐོག་ད་ཡོད་ཀྱི་སྲུང་སྐྱོབ་ཐོག་མེ་ཤུགས་འཕུར་མདེལ་ལྡན་པའི་གྲུ་འཛིངས་འགྲེམས་འཇོག་བྱས་ཏེ་སྲུང་སྐྱོབ་ཀྱི་ལས་དོན་སྔར་བས་ཤུགས་ཆེ་རུ་གཏང་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་རིང་ཐེ་དབན་གྱི་སྲུང་སྐྱོབ་ལྷན་ཁང་གི་མགྲིན་ཚབ་པ་དྲེ་ལྦིདྲ་ལོ་ཞུ་བས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གསུངས་པར། ལྷོ་རྒྱ་ནག་གི་རྒྱ་མཚོའི་གླིང་ཕྲན་ཐོག་ཐེ་དབན་གྱི་མཚོ་འགག་སྲུང་སྐྱོབ་བྱེད་མཁན་ཚོར་དོན་རྐྱེན་ཛ་དྲག་འཕྲད་པའི་སྐབས་གདོང་ལེན་བྱ་ཐུབ་པའི་གོ་མཚོན་འདེངས་ངེས་མེད་པའི་ཉེན་ཁ་གཟིགས་ཀྱི་ཡོད་ཅེས་དང༌། ད་ལྟའི་འཆར་ནན་ཤ་དང་ཏུང་ཤ་གླིང་ཕྲན་དེ་གཉིས་ཐོག་ཐེ་དབན་གྱི་མཚོ་འགག་སྲུང་སྐྱོབ་བྱེད་མཁན་ཚོར་གོ་མཚོན་ནུས་ཤུགས་ལྡན་པ་ཞིག་མེད་སྟབས། ཐེ་དབན་ཕྱོགས་ནས། ཁོང་ཚོར་མེ་ཤུགས་འཕུར་མདེལ་ལྡན་པའི་གྲུ་འཛིངས་སམ་ཡང་ན་ལྕགས་འཁྲབ་འཁོར་ལོ་གང་ཞིག་འགྲེམས་འཇོག་བྱ་དགོས་མིན་འདེངས་ཀ་བྱ་རྒྱུ་སྤྲད་ཟིན་པ་ཡིན་ཞེས་གསུངས་ཡོད་པ་རེད། འོན་ཀྱང་ཁོང་གིས་གོ་མཚོན་གྲངས་ག་ཚོད་མཁོ་སྤྲོད་བྱ་རྒྱུ་ཡིན་མིན་དང༌། མཚོ་ཁ་སྲུང་སྐྱོབ་བྱེད་མཁན་ཚོས་གོ་མཚོན་གང་ཞིག་དགོས་མིན་འདམས་ཀ་བྱས་ཟིན་མིན་སྐོར་གང་ཡང་འགྲེལ་བརྗོད་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎