ཐའེ་ལྦན་དམངས་གཙོ་ཚོཌ་པའི་དྲ་རྒྱ་ནས་་གནས་ཚུལ་རྐུ་འཁྱེར།

ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པའི་ལས་ཁུངས་ཀྱི་ཀམ་པིའུ་ཀྲར་ནང་འཛུལ་ཏེ་ཡིག་ཆ་རྐུ་འཁྱེར་བྱས་ཡོད་པའི་སྐོར་གསུངས་འདུག

2011.08.09

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཐེ་དབན་རང་བཙན་འཐབ་རྩོད་གནང་མཁན་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པས། རྒྱ་ནག་ནང་ནས་་དམངས་གཙོ་ཚོགས་པའི་ལས་ཁུངས་ཀྱི་ཀམ་པིའུ་ཀྲར་ནང་འཛུལ་ཏེ་ཡིག་ཆ་རྐུ་འཁྱེར་བྱས་ཡོད་པའི་སྐོར་གསུང་ཡོད་པ་རེད།

ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པའི་སྲིད་ཇུས་ཞིབ་འཇུག་ཚོགས་ཆུང་གི་ཀམ་པིའུ་ཀྲར་ནང་འཛུལ་ཏེ། ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་དང་པོའི་ནང་ཐེ་དབན་སྲིད་འཛིན་འོས་བསྡུ་དང་འབྲེལ་བའི་ཡིག་ཆ་དང་གྲོས་ཚོགས་ཀྱི་འོས་བསྡུ། ལས་འགུལ་དྲིལ་བསྒྲགས་ཀྱི་དུས་ཚོད་སོགས་ཀྱི་ཡིག་ཆ་རྐུ་འཁྱེར་བྱས་ཡོད་ཅིང། དེ་ཡང་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་གཞོན་པ་ཨེ་ལེཀ་སི་ཧུའང་ཞུ་བས་གསུང་པར་གཞིགས་ན། ཁོང་ཚོའི་་ཚོགས་པའི་ཀམ་པིའུ་ཀྲར་ནང་ཁ་སྔོན་ཕྱི་ཟླ་གསུམ་པ་ནས་རྒྱ་ནག་ཕྱོགས་ནས་འཛུལ་ཏེ་གནས་ཚུལ་རྐུ་འཁྱེར་བྱེད་པའི་བྱ་སྤྱོད་མུ་མཐུད་བྱེད་མུས་ཡིན་པ་དང༌། རྐུ་འཁྱེར་བྱེད་མཁན་ཁག་ཅིག་ནི། རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པ་དང༌། ཁག་ཅིག་ནི་རྒྱ་ནག་གི་ས་ཁུལ་ཧོང་ཀོང་ནས་ཡིན་པའི་སྐོར་གསུང་ཡོད་ཅིང༌། ད་རེས་ཁོང་གི་ཚོགས་པའི་ཚོགས་མི་མང་ཆེ་བའི་ཨི་མེལ་ནང་དུ་འཛུལ་ཏེ། ཁོང་ཚོའི་མ་འོངས་པའི་ཐེ་དབན་གྱི་སྲིད་འཛིན་འོས་འདེམས་ཀྱི་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་རྒྱུའི་དུས་ཚོད་དང་དེ་དང་འབྲེལ་བའི་ཡིག་ཆ་སོགས་གལ་གནད་ཆེ་བའི་གནས་ཚུལ་རྐུ་འཁྱེར་བྱས་པ། ད་དུང་ཁོང་ཚོའི་ཚོགས་མི་ཁག་ཅིག་གི་ཨི་མེལ་ནང་ནད་འབུ་བཏང་སྟེ་གནོད་འཚེ་གཏོང་ཐབས་བྱས་ཡོད་པའི་སྐོར་གསུང་ཡོད་པ་རེད། འོན་ཀྱང་དམངས་གཙོ་ཡར་རྒྱས་ཚོགས་པའི་མ་འོངས་པའི་སྲིད་འཛིན་གྱི་འོས་མི་ལྕམ་ཚའེ་ཨིང་ལྦེན་གྱི་ཨི་མེལ་ནང་གནོད་འཚེ་གང་ཡང་བཏང་མེད་པའི་སྐོར་གསུང་ཡོད་པ་རེད། དེ་རིང་དོན་རྐྱེན་དེའི་ཐད་ལ་ཨེ་པི་ གསར་འགྱུར་ལས་ཁང་གིས་པེ་ཅིང་དུ་ཡོད་པའི་ཤིང་ཧྰ་གསར་འགྱུང་ལས་ཁང་ལ་ཁ་པར་ཐོག་སྐད་ཆ་འདྲི་ཐབས་བྱས་ཀྱང་ལན་འདེབས་བྱེད་མཁན་བྱུང་མེད་ཀྱང༌། རྒྱ་ནག་གཞུང་ཕྱོགས་ནས། ཀམ་པིའུ་ཀྲར་ནང་འཛུལ་ཏེ། གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་པའི་བྱ་སྤྱོད་དེ་རིགས་ནང་ཐེ་ཇུས་རྩ་བ་ནས་མེད་པར་བརྗོད་ཏེ་ཁས་ལེན་རྩ་བ་ནས་མི་བྱེད་པ་མ་ཟད། ཕྱི་ཕྱོགས་ནས་རྒྱ་ནག་རང་ཉིད་ཀྱི་ཀམ་པིའུ་ཀྲར་ནང་གི་གནས་ཚུལ་རྐུ་འཁྱེར་བྱས་ཏེ་རྡུང་རྡེག་ཕོག་ཡུལ་ཞིག་ཡིན་པ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎