རྒྱ་ནག་དང་ཐེ་ལྦན་དབར་ཟམ་ཆེན་ཞིག་རྒྱབ་རྒྱུའི་འཆར་གཞི།
2009.02.05
༄༅༎སྔ་ལོ་ཐེ་ལྦན་ནང་གོ་མིང་ཏང་ཚོགས་པའི་སྲིད་གཞུང་འཛིན་པ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་བ་ཟབ་ཏུ་བཏང་ཡོད་རེད་ལ་ཡུལ་གཉིས་དབར་ཚོང་འབྲེལ་དང་ཐད་ཀར་གནམ་གྲུའི་བརྒྱུད་ལམ་དེ་བཞིན་དཔོན་རིགས་མཇལ་འཕྲད་གནང་ཡོད་རེད།
མཚོ་ཁ་གཉིས་ཀྱི་འབྲེལ་བ་སླར་ཡང་ཟབ་ཏུ་གཏོང་ཐབས་སུ་དམིགས་ནས་ད་ཆ་ཐེ་ལྦན་གྱི་མཚོ་གླིང་ཀིན་མེན་ནས་རྒྱ་ནག་གི་ཤའེ་མན་གྲོང་ཁྱེར་བར་ཟམ་ཆེན་ཞིག་འཛུགས་རྒྱུའི་འཆར་གཟི་གཏིང་གི་ཡོད་འདུག རྩ་བའི་འཆར་གཞི་འདི་བཞིན་སྔ་ལོ་ནས་སྲིད་འཛིན་མ་ཡིང་ཇུ་མཆོག་གི་དཔལ་འབྱོར་ཉམས་ཞིབ་པ་ཚོར་འཆར་གཞི་གཏིང་དགོས་པའི་བཀོད་ཁྱབ་བཏང་ཟིན་ཡོད་པ་དང་སླར་ཡང་ཁ་ས་སྲིད་འཛིན་མཆོག་ནས་ལས་དོན་དེའི་ཐོག་བསྐྱར་ཞིབ་གནང་ཡོད་འདུག
དེ་དང་ཕྱོགས་མཚུངས་གོང་ཞུས་ས་ཁུལ་དེ་གཉིས་དབར་འཐུང་ཆུའི་ཐོག་ནས་འབྲེལ་ལམ་བཟོ་ཐབས་ཀྱང་བྱེད་ཀྱི་ཡོད་འདུག འོན་ཀྱང་ཐེ་ལྦན་གྱི་ཕྱོགས་འགལ་མང་གཙོ་ཚོགས་པའི་མགྲིན་ཚབ་པ་ཆེང་ལྦན་ཚང་ནས་ད་ལྟའི་ཆར་ཐེ་ལྦན་གྱི་དཔལ་འབྱོར་ཉམས་རྒུད་པ་ཕྱིན་པ་སླར་གསོ་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པའི་དུས་ཚོད་ཅིག་རེད་མ་གཏོགས་རྒྱ་ནག་མཉམ་འབྲེལ་མཐུད་རྒྱབ་རྒྱུའི་དུས་ཚོད་མ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག