ཐེ་ལྦན་ནས་མེ་ཤུགས་འཕུར་མདེལ་འགོག་བྱེད་གྲ་སྒྲིག་བྱ་རྒྱུ།
2010.09.06
༄༅༎ཐེ་ལྦན་གྱིས་ཨ་མི་རི་ཀ་ནས་ཨ་རིའི་ཌོ་ལར་ཐེར་འབུམ་༩་དང་དུང་ཕྱུར་༤ཙམ་གནས་པའི་དེང་དུས་ཀྱི་དྲག་ཆས་གོ་མཚོན་མེ་ཤུགས་འཕུར་མདེལ་སོགས་ཉོ་སྒྲུབ་བྱས་ཏེ་ད་ཡོད་རྒྱ་ནག་སྐམ་ས་ཆེན་པོའི་ཕྱོགས་ནས་ཐེ་ལྦན་ལ་ཁ་གཏད་དེ་འགྲེམས་འཇོག་བྱས་ཡོད་པའི་མེ་ཤུགས་འཕུར་མདེལ་༡༦༠༠་ཙམ་ཡོད་པ་དེ་ཚོ་འགོག་ཐབས་སུ་ཕར་རྒོལ་གདོང་ལེན་བྱ་རྒྱུར་ལོ་རྗེས་མའི་ནང་ཚང་མ་གྲ་སྒྲིགས་ཨང་གསར་ཡོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཨ་མི་རི་ཀ་ནས་ཉོ་སྒྲུབ་བྱ་རྒྱུའི་དྲག་ཆས་གོ་མཚོན་དེ་ཚོའི་གྲས་སུ་དགྲ་བོའི་འཕུར་མདེལ་བར་སྣང་དུ་གཏོར་ཕམ་གཏོང་ཆེད་ཀྱི་Patriot-IIIརྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་དང་དེ་བཞིན་དགྲ་བོའི་མེ་ཤུགས་འཕུར་མདེལ་སོགས་གཏོང་ཚབས་ཆེ་བའི་མེ་ཤུགས་འཕུར་མདེལ་གྱི་རིགས་རྒྱང་རིང་ནས་འཕེན་ཡོང་བ་ཤེས་རྟོགས་བྱེད་བའི་རྒྱང་འཚོལ་ཡོད་བྱད་སོགས་ཉོ་སྒྲུབ་བྱས་ཡོད་པ་རེད།
སྤྱི་ལོ་༢༠༠༨་ལོ་ནས་བཟུང་ཐེ་ལྦན་གྱི་སྲིད་འཛིན་གོ་མིང་ཏང་ཚོགས་པའི་དབུ་ཁྲིད་མ་དབྱིང་ཇིའུ་མཆོག་གིས་གནང་སྟེ་རྒྱ་ནག་སྐམ་ཆེན་པོ་དང་ཐེ་ལྦན་དབར་འབྲེལ་བ་ཡར་རྒྱས་གོང་མཐོར་ཕྱིན་ཡོད་ཀྱང་ད་དུང་རྒྱ་ནག་སྐམ་ས་ཆེན་པོའི་ཕྱོགས་ནས་ཐེ་ལྦན་དེ་བཞིན་རྒྱ་ནག་གི་ཁོངས་གཏོགས་ཁ་བྲལ་དུ་མི་རུང་བ་ཞིག་ཡིན་སྐོར་དང་ཐེ་ལྦན་རང་བཙན་ལ་བརྩོན་ན་དགོས་ངེས་བྱུང་ན་དྲག་པོའི་དཔུང་འཇུག་བྱ་རྒྱུའི་ཉེན་བརྡ་ག་དུས་ཡིན་ནའི་གནས་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་བཞག།