ཐེ་དབན་ནང་རང་དབང་རྟགས་མཚན་འདྲ་གཟུཌ་བཞེངས་འཆར།
2012.01.18
༄༅༎ནིའུ་ཛི་ལེནདྲ་ནས་ཡིན་པའི་སྒྱུ་རྩལ་བ་ཞིག་གིས་ཐེ་དབན་ནང་རང་བཙན་ལྷ་མོ་ཞེས་འབོད་པའི་རང་དབང་གི་རྟགས་མཚོན་པའི་འདྲ་གཟུགས་ཞིག་བཞེངས་རྒྱུའི་འཆར་གཞི་ཡོད་འདུག
རང་བཙན་ལྷ་མོ་ཞེས་འབོད་པའི་འདྲ་གཟུགས་དེ་འདྲ་ཞིག་༡༩༨༩ལོར་པེ་ཅིན་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་སྐབས་རྒྱ་ནག་གི་སྒྱུ་རྩལ་སློབ་གྲའི་སློབ་ཕྲུག་ཚོས་གནམ་སྡེ་སྒོར་མོའི་ཐང་ཆེན་དུ་བཞེངས་ནས་རྒྱ་ནག་ནང་དམངས་གཙོ་དགོས་པའི་འདུན་པ་བཏོན་ཡོད་པ་དང་ ད་རེས་ནིའུ་ཛི་ལེནདྲ་གྱི་སྒྱུ་རྩལ་བ་ གྲན་དབོན་མིང་གིས་ ཐོ་ཚད་མི་གྲར་སུམ་ཅུ་ཙམ་ཡོད་པའི་འདྲ་གཟུགས་ཞིག་ཐེ་དབན་གྱི་མཚོ་ཁ་ས་ཁུལ་ཅིང་མན་དུ་བཞེངས་རྒྱུའི་འཆར་གཞི་ཡོད་ཅིང་ ཡིན་ནའི་ད་ལྟའི་ཆར་ཐེ་དབན་གཞུང་གིས་ རྒྱ་ནག་དང་ཁ་སྤྲོད་དུ་གནས་པའི་ས་ཁུལ་དེའི་ནང་ རང་དབང་གི་མཚོན་རྟགས་ཡོད་པའི་འདྲ་གཟུགས་ཞིག་བཞེང་རྒྱུར་ཆོག་ཆན་སྤྲོད་རྒྱུ་ད་ལྟའི་ཆར་ཐག་གཅོད་བྱུང་མེད་ཅིང་ གནད་དོན་དབྱེ་ཞིབ་པ་ཚོས་ད་རེས་ཅིང་མན་ས་གནས་ནང་རང་དབང་གི་མཚོན་རྟགས་སྔོན་པའི་འདྲ་གཟུགས་བཞེང་རྒྱུར་ཐེ་དབན་གཞུང་གིས་མཆོག་ཆན་སྤྲོད་སྲིད་མིན་གྱི་ཐོག་ནས་ ཐེ་དབན་གཞུང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ ཐང་ལ་སྲུང་བརྩི་ཞུ་གི་ཡོད་མིན་དང་ དེ་བཞིན་ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་སླར་ཡང་ཐེ་དབན་གྱི་སྲིད་དབང་མུ་མཐུད་འཛིན་རྒྱུའི་རྒྱུད་རིམ་ནང་རྒྱ་ནག་དང་ཐེ་དབན་དབར་གྱི་འབྲེལ་ལམ་ཐོག ཐེ་དབན་གྱི་དམངས་གཙོ་དང་རང་དབང་ལྡན་པའི་ཐོབ་ཐང་བློས་གཏོང་བྱེད་མིན་གནད་དོན་ཐོག་གདོང་ལེན་བྱེད་ཡས་ཤིག་ཆགས་རྒྱུ་ཡིན་པའི་དགོངས་ཚུལ་གསུང་གི་ཡདོ་པ་རེད་ ཐེ་དབན་གྱི་གླིང་ཕྲན་ས་ཁུལ་ཅིང་མན་དེ་བཞིན་རྒྱ་ནག་གི་ཤད་མན་ས་གནས་དང་ཆུ་འབྲེལ་ཡིན་པ་མ་ཟད་ རྒྱ་ནག་དང་ཐག་ཉེ་ཤོས་ཀྱི་ཐེ་དབན་གྱི་གླིང་ཕྲན་ས་གནས་ཞིག་ཡིན་ཞིང་སྒྱུ་རྩལ་བ་གྲན་དབོད་མིང་གིས་ཅིང་མན་ས་གནས་སུ་རང་དབང་གི་མཚོན་རྟགས་ཡོད་པའི་འདྲ་གཟུགས་བཞེང་རྒྱུའི་དམིགས་ཡུལ་གཙོ་བོ་ནི་ རྒྱ་ནག་ནས་ས་གནས་དེའི་ནང་ཡོང་མཁན་ཡུལ་འཁོར་སྤྲོ་འཆམ་པ་ཧ་ཅང་མང་པོ་ཡོད་པར་བརྟེན་ནས་ཁོང་ཚོས་ལས་སླ་པོའི་ཐོག་ནས་འདྲ་གཟུགས་དེ་མཐོང་ཐུབ་རྒྱུ་ཡིན་སྟབས་ ས་གནས་དེའི་ནང་འདྲ་བཟུགས་བཞེང་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་པ་གསུང་འདུག