ཐེ་དབན་སྲིད་འཛིན་གྱིས་དོ་ཕོག་ས་ཁུལ་སླར་གསོ་གནང་འཆར།

ཐེ་དབན་སྲིད་འཛིན་ནས་ཉེ་ཆར་ཐེ་དབན་ནང་དྲག་ཆར་རླུང་འཚུབ་ཀྱིས་གནོད་འཚེ་བྱུང་བ་དེ་དག་འཛུགས་སྐྲུན་སླར་གསོ་བྱ་རྒྱུའི་ཁས་ལེན།

2009.08.22

༄༅༎དེ་རིང་རེས་གཟའ་སྤེན་པའི་ཉིན་ཐེ་དབན་གྱི་སྲིད་འཛིན་མཱ་ཡིང་ཅི་ཨོའ་ཡིས་ཉེ་ཆར་ཐེ་དབན་ནང་དྲག་ཆར་རླུང་འཚུབ་ཀྱིས་རྐྱེན་པའི་ཆུ་ལོག་དང་ས་རུད་ཐེབས་པའི་གནོད་འཚེ་བྱུང་བ་དེ་དག་འཛུགས་སྐྲུན་སླར་གསོ་བྱ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པ་རེད།

དེ་ཡང་ཐེ་དབན་ནང་རང་འབྱུང་གནོད་འཚེ་བྱུང་སྟེ་གཟའ་འཁོར་གཉིས་ཙམ་འགྲོ་གི་ཡོད་པ་དང་སྲིད་འཛིན་མཱ་ཡིང་ཅི་ཨའོ་དང་སྲིད་བློན་དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ལྷན་དུ་རང་འབྱུང་གི་གནོད་འཚེ་ཕོག་སྟེ་ཧ་ལམ་ཡུལ་མི་བཞི་བརྒྱ་རྐྱེན་ལམ་དུ་ཕྱིན་པའི་ངོས་འཛིན་བྱེད་ཡུལ་ཐེ་དབན་ལྷོ་ཕྱོགས་གྲོང་མཚོའི་ནང་མྱུར་སྐྱོབ་ལས་དོན་སྤེལ་བཞིན་པའི་ཐོག་དངོས་སུ་གཟིགས་ཞིབ་ཏུ་ཕེབས་ཏེ་ངས་སྲིད་འཛིན་བྱེད་པའི་ལས་དུས་རིང་ལ་རང་འབྱུང་གི་གནོད་འཚེ་དེར་དོ་སྣང་དང་གལ་ཆེར་མ་རྩིས་བར་ཉེན་སྐྱོབ་ཀྱི་ལས་དོན་འཐུས་ཤོར་གཏོང་མཁན་གྱི་གཞུང་གི་ལས་བྱེད་པར་ཉེས་ཆད་གཏོང་རྒྱུ་དང་མི་དམངས་རྣམས་སླར་ཡང་གཞིས་ཆགས་ཡོང་རྒྱུར་འཛུགས་སྐྲུན་ལས་གསོའི་ལས་དོན་ཆ་ཚང་བ་བྱ་རྒྱུ་ངོས་ནས་འགན་ལེན་བྱ་རྒྱུ་ཡིན་ཞེས་དང་ད་དུང་ད་རེས་རང་འབྱུང་གནོད་འཚེ་དེའི་ནང་རྐྱེན་ལམ་དུ་ཕྱིན་པ་ཚོར་དྲན་རྟེན་གྱི་གླིང་ཁ་ཞིག་འཛུགས་སྐྲུན་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད། དེ་རིང་ནས་འགོ་བཙུགས་ཏེ་ཉིན་མ་གསུམ་རིང་ཐེ་དབན་རྒྱལ་ཡོངས་རང་འབྱུང་གནོད་འཚེ་དེའི་ནང་རྐྱེན་ལམ་དུ་ཕྱིན་པ་ཚོར་མྱ་ངན་དང་དྲན་གསོའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་ད་རེས་སྔ་དྲོ་ཐེ་དབན་རྒྱལ་ཡོངས་སུ་བསྒྲེངས་འཛུགས་བྱས་པའི་རྒྱལ་དར་རྣམས་མྱ་ངན་གྱི་གུས་ལུགས་བཞིན་ཕྱེད་ཀ་ཙམ་མར་འབབ་ཡོད་པ་དང་གཞུང་གི་དཔོན་རིགས་དང་ལས་བྱེད་པ་ཕྱེད་ཀ་ཆོས་ལུགས་བྱེད་སྒོའི་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད་ད་དུང་གཞུང་གི་དཔོན་རིགས་ནས་ཕྱི་སྲིད་བློན་ཆེན་གཞོན་པ་དང་སྲུང་སྐྱོབ་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་གསུམ་ལས་གནས་ནས་དགོངས་ཞུ་ཕུལ་ཟིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎