ཐེའི་དབན་སྲིད་འཛིན་ཟུར་པས་རྒྱ་གཞུང་ལ་ཉེན་བརྡ།

རྒྱ་གཞུང་གིས་ཐེའི་དབན་ལ་བཏང་འཛིན་ཇེ་ཆེར་གཏོང་རྒྱུའི་གོ་སྐབས་སྐྲུན་པ་ཡིན་ལུགས་ཐེའི་དབན་སྲིད་འཛིན་ཟུར་པ་ལི་ཏང་ཧུའི་ཡིས་གསུངས།

2009.06.28

༄༅༎ཐེའི་དབན་སྲིད་གཞུང་གིས་རྒྱ་ནག་གཞུང་དང་ཚོང་འབྲེལ་ཡར་རྒྱས་གཏོང་བ་ནི་རྒྱ་ནག་གུང་གྲན་ཏང་གིས་སྲིད་གཞུང་གིས་ཐེའི་དབན་ལ་བཏང་འཛིན་ཇེ་ཆེར་གཏོང་རྒྱུའི་གོ་སྐབས་སྐྲུན་པ་ཡིན་ལུགས་ཐེའི་དབན་སྲིད་འཛིན་ཟུར་པ་ལི་ཏང་ཧུའི་ཡིས་གསུངས་གནང་འདུག

ཐེའི་དབན་རང་བཙན་ལ་རྒྱབ་སྐྱོར་གནང་མཁན་སྲིད་འཛིན་ཟུར་པ་ལི་ཏེང་ཧུའི་ཡིས་ཁོང་གི་ཕྱོགས་གཏོགས་པ་ཁག་ཅིག་ལ་གསུང་བཤད་གནང་སྐབས་ད་ཡོད་སྲིད་གཞུང་གིས་རྒྱ་ནག་ལ་ཚོང་འབྲེལ་གཞི་རྒྱ་ཇེ་ཆེར་གཏོང་བཞིན་པ་དེས་ཐེའི་དབན་རྒྱ་ནག་གི་མངའ་འོག་ཅིག་ཏུ་འགྱུར་ཉེན་ཡོད་པའི་སྐྱོན་བརྗོད་གནང་འདུག

དེ་ནི་རྒྱ་ནག་སྐམ་ས་ཆེན་མོ་དབུས་གཞུང་དང་ཐེའི་དབན་ས་གནས་སྲིད་གཞུང་ཞིག་ཏུ་འགྱུར་ཉེན་ཡོད་པ་དང་མཐར་ཐུག་ཐེའི་དབན་རྒྱ་ནག་གཞུང་གིས་བཀའ་བཀོད་འོག་ཚུད་ཉེན་ཡོད་པ་སོགས་ཀྱི་ཉེན་བརྡར་བཏང་གནང་འདུག དེང་ཐེའི་དབན་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་ཡིག་ཆ་གཏན་འབེབས་བྱེད་བཞིན་པ་ཡིན་ཞིང་ཉེ་ལམ་རྒྱ་ནག་གཞུང་གིས་ ཐེའི་དབན་ནས་དངོས་ཟོག་མ་གནས་ཨ་སྒོར་ཐེར་འབུམ་གཉིས་ཙམ་ནང་འདྲེན་བྱ་རྒྱུའི་མངགས་ཆ་བྱས་ཡོད་པ་རེད། ཐེའི་དབན་སྲིད་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་བྱེད་བཞིན་པར་འགག་པ་གནང་གི་མེད་ཀྱང་ཐེའི་དབན་ལོགས་སུ་རྒྱལ་ཁབ་ཅིག་ཡིན་པའི་བདག་དབང་གནས་བབ་རྒྱུན་གནས་བྱ་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པར་སྲིད་འཛིན་ཟུར་པ་ལི་ཏེང་ཧུའི་ཡིས་གསུངས་གནང་ཡོད་པ་རེད། ད་ནི་ཐེའི་དབན་མི་མང་གིས་མནོ་བསམ་ཟབ་མོ་ཞིག་གཏོང་དགོས་པའི་དུས་ལ་བབས་ཤིང་དཔལ་འབྱོར་ཁེ་ཕན་ཆེད་དུ་རང་གི་བླ་སྲོག་བློས་གཏོང་བྱེད་མི་རུང་ཞེས་སྲིད་འཛིན་ཟུར་པ་ལི་ཏང་ཧུའི་ཡིས་སློབ་གསོ་གནང་འདུག

ཕྱི་ལོ་༡༩༨༨ནས་༢༠༠༠ལོ་བར་ལི་ཏེང་ཧུའི་ཡིས་སྲིད་འཛིན་ལས་གནས་བཟུང་སྐབས་ཁོང་གིས་རང་བཙན་དོན་གཉེར་གྱི་ལས་དོན་མང་པོ་གནང་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་ཁོང་ཁ་བྲལ་བ་ཡིན་པའི་སྐྱོན་འཛུགས་གནང་ཡོད་པ་རེད།

ཉེ་ལམ་ཐེའི་དབན་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་ཕྱིན་ཏེ་ཕར་ཚུར་འགྲུལ་བཞུད་གནམ་གྲུ་གཏོང་འགོ་བཙུགས་ཡོད་པ་མ་ཟད་སྲིད་འཛིན་མ་ཡིན་འཇུ་ཡིས་སྔར་ལོ་སྲིད་འཛིན་ལས་གནས་བཟུང་བ་ནས་བཟུང་ཚོང་འབྲེལ་སོགས་ཕྱོགས་གང་ཐད་འབྲེལ་ལམ་བཟང་དུ་བཏང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎