ཐའེ་ལྦན་སྲིད་འཛིན་ཟུར་པས་བཙོན་དུ་བྲིས་པའི་རྩོམ་ཡིག

ཐའེ་ལྦན་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་བེན་གྱིས་བཙོན་ཁང་ནང་དུ་རྩོམ་ཡིག་བྲིས་པ་དེ་གསར་ལམ་ཁག་ཏུ་འགྲེམས་སྤེལ་བྱེད་ཆོག་པའི་ཆོག་མཆན།

2011.06.28

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་བེན་གྱིས་བཙོན་ཁང་ནང་དུ་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་བྲིས་པ་དེ་ཐེངས་དང་པོ་བཙོན་ཁང་གི་ཕྱི་ཕྱོགས་སུ་གསར་ལམ་ཁག་ཏུ་འགྲེམས་སྤེལ་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་ཡི་བཙོན་ཁང་གི་འབྲེལ་ཡོད་མགྲིན་ཚབ་པ་ཞིག་གིས་གསུང་དོན་ལ། སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་བེན་ལ་ཁོང་གིས་བཙོན་ཁང་ནང་དུ་བྲིས་པའི་སྲིད་དོན་གྱི་རྩོམ་ཡིག་རྣམས་དུས་དེབ་ཁག་ཐོག་བཀོད་སྤེལ་ཆོག་པའི་བཀའ་ཁྲོལ་ཐོབ་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་ལས། ཁོང་གིས་བྲིས་པའི་རྩོམ་ཡིག་དེའི་སྐོར་དང༌། རྩོམ་ཡིག་གི་ནང་དོན་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།

འོན་ཀྱང་རྩོམ་ཡིག་འགྲེམས་སྤེལ་པས་གསུང་ན། ཁྲེན་ཧྲུའེ་བེན་གྱི་རྩིམ་ཡིག་འདོན་ཐེངས་དང་པོ་དེ་ནི། དེ་སྔོན་ཁོང་ཐའེ་ལྦན་གྱི་སྲིད་འཛིན་གནང་བའི་སྐབས། རྒྱ་ནག་དང་ཐའེ་ལྦན། ལྦིཏ་ནམ། ཕི་ལི་པིན་དབར་ས་ཆའི་བདག་དབང་གི་རྩོད་གཞི་ཡོད་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་གླིང་ཕྲན་ནང་གཟིགས་སྐོར་དུ་ཕེབས་པའི་གནས་ཚུལ་དྲན་གསོའི་ཆེད་དུ་བྲིས་གནང་བ་དེ། རེས་གཟའ་ལྷག་པའི་ཉིན་གཟའ་འཁོར་གྱི་དུས་དེབ་ཅེས་པའི་ཐོག་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་གསུང་ཡོད་པ་རེད། ད་རེས་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་བེན་ལ་བཙོན་ཁང་དུ་རང་ཉིད་ཀྱི་ལྟ་ཚུལ་རྩོམ་ཡིག་བྲིས་པ་གསར་འགྱུར་དུས་དེབ་ཐོག་བཀོད་སྤེལ་ཆོག་པའི་བཀའ་ཁྲོལ་ཐོབ་པའི་གནས་སྟངས་དེ་ནི། གཟའ་འཁོར་སྔོན་དེར་སྲིད་འཛིན་མའ་དབྱིང་ཅོ་ཡིས་རྒྱལ་ས་ཐའེ་པེ་ནང་དུ་ཡོད་པའི་Apple Daily Newspaper ཞེས་པའི་ཉིན་རེའི་གསར་ཤོག་ལས་ཁང་དེའི་བཅར་འདྲི་དང་ལེན་གནང་སྐབས། ཁྲེན་ཧྲུའེ་བེན་ལ་རྩོམ་ཡིག་བྲིས་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་སྐོར་བཀའ་མོལ་གསུང་པའི་རྗེས། ཐག་གཅོད་བྱས་པ་ཞིག་ཡིན་ཞིང༌། སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་བེན་ལ་ད་ལྟའི་ཐའེ་ལྦན་གྱི་གཞུང་འཛིན་གོ་མིང་ཏང་གིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ཏེ། ད་ལྟ་ཐའེ་ལྦན་གྱི་བཙོན་ཁང་དུ་མི་ལོ་༡༧ བཙོན་འཇུག་ཉེས་ཆད་མྱོང་བཞིན་ཡོད་པ་དང༌། འོན་ཀྱང་ཁྲེན་ཧྲུའེ་བེན་ཡིས་༢༠༠༠ ལོ་ནས་༢༠༠༨ བར་ཐའེ་ལྦན་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རིང༌། ཐའེ་ལྦན་རང་བཙན་ཐོག་མདུན་བསྐྱོད་ཀྱི་ཕྱག་ལས་གནང་སྟེ། རྒྱ་ནག་གཞུང་གིས་ཐའེ་ལྦན་ཁ་བྲལ་གཏོང་མཁན་ཡིན་པའི་སྐྱོན་བརྗོད་དང་དྲག་པོའི་འཇིགས་སྐུལ་རིམ་པ་བྱས་ཏེ། ཐའེ་ལྦན་དང་རྒྱ་ནག་དབར་འབྲེལ་ལམ་ཛ་དྲག་ཏུ་གྱུར་བའི་གནས་སྟངས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎