ཐེ་ཝན་འོས་བསྡུ་མང་གཙོ་ཡར་རྒྱས་ཚོགས་པར་རྒྱལ་ཁ་ཐོབ་འདུག


2014.12.01
འོས་འདེམས་རྒྱལ་ཁ་ཆེན་པོ་ཐོབ་པའི་Lin Chia-lung འོས་འདེམས་རྒྱལ་ཁ་ཆེན་པོ་ཐོབ་པའི་Lin Chia-lung
དྲ་བཤུས། CT

ཐེ་ཝན་གྱི་འོས་ཤོག་རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ལ་ཐོབ་འདུག
དེ་ཡང་ཐེ་ཝན་གྱི་གྲོང་ཁྱེར་ཆེ་གྲས་Taichungཡི་གྲོང་སྡེའི་སྤྱི་ཁབ་ལ་འོས་འདེམས་རྒྱལ་ཁ་ཆེན་པོ་ཐོབ་པའི་Lin Chia-lungནི་རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་འདུག ཐེ་ཝན་གྱི་གྲོང་ཁྱེར་ཆེ་གྲས་Taichungདེ་བཞིན་གོ་མིན་ཏང་གི་དབང་ཤུགས་ཆེ་བའི་ས་གནས་ཤིག་ཡིན་རུང་། གཟའ་སྤེན་པའི་ཉིན་འོས་བསྡུ་བྱེད་སྐབས་གོ་མིན་ཏང་ལ་ཕམ་ཉེས་ཆེན་པོ་བྱུང་སྟེ་གྲོང་ཁྱེར་དེའི་གྲོང་སྡེའི་སྤྱི་ཁྱབ་ཀྱང་ཐེ་ཝན་གྱི་མང་གཙོ་ཡར་རྒྱས་ཚོགས་པའི་ཚོགས་མི་Lin Chia –lungལ་ཐོབ་ཡོད་པ་དང་། ཁོང་ནི་རྒྱ་ནག་ནང་མང་གཙོའི་ལམ་ལུགས་དགོས་པ་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་སྟབས་དེ་སྔ་ཁོང་གིས་ཧོང་ཀོང་དང་ཐེ་ཝན་གཉིས་ཟུང་འབྲེལ་གྱི་ལས་འགུལ་ཞིག་གསར་འཛུགས་གནང་པ་མ་ཟད། ཁོང་གྲོས་ཚོགས་འཐུས་མི་གནང་སྐབས་རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནང་རྒྱ་མིའི་སློབ་ཕྲུག་ཚོའི་མང་གཙོའི་ལས་འགུལ་ཐོག་དྲག་པོའི་དཔུང་དམག་བཏང་སྟེ་དྲག་གནོན་བྱས་པ་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལེའུ་ཞོ་པོའི་བཙོན་འཇུག་བྱས་པར་སྦས་གསང་མེད་པའི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་གནང་མཁན་ཞིག་ཡིན་འདུག ཕྱི་ལོ་༢༠༡༢་ལོེར་ཁོང་གིས་དེང་སྐབས་ཨ་མེ་རི་ཀའི་ནང་གནས་བཞུགས་མིག་ལོང་བ་ཡིན་པའི་ཞི་བའི་མི་མང་གི་རང་དབང་འཐབ་རྩོད་གནང་མཁན་Chen Guancheng མཇལ་འཕྲད་ཆེད་ཨ་རིར་ཕེབས་པ་མ་ཟད། ཁོང་ཐེ་ཝན་ལ་མགྲོན་འབོད་ཀྱང་གནང་འདུག Lin Chia –lungཡིས་ཕྱི་ལོ་༢༠༡༡་ལོར་བཙན་བྱོལ་དུ་གནས་པའི་རྒྱ་གཞུང་དང་ཆབ་སྲིད་ལྟ་སྤྱོད་ཐ་དད་འཛིན་མཁན་རྒྱ་རིགས་ཝང་ཏན་དང་། Wang Juntaoགཉིས་དང་ཧོང་ཀོང་གི་མང་གཙོ་ཚོགས་མི་དང་མང་གཙོ་དོན་གཉེར་བ་Albert Ho Chun-yan, Andrew To Kwan སོགས་ཀྱི་མཉམ་དུ་New School of Democracy ཞེས་པའི་མང་གཙོའི་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་ཅིང་། མང་གཙོའི་ཚོགས་པ་དེ་ནི་འཛམ་གླིང་གི་ས་གནས་གང་སར་གནས་པའི་རྒྱ་མི་རིགས་ཚོས་རང་དབང་མང་གཙོའི་ལམ་ལུགས་སྐོར་རང་གི་ཉམས་མྱོང་དང་གོ་རྟོགས་བརྗེ་རེས་བྱེད་སའི་གླེང་སྟེགས་ཤིག་ཡིན་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎