ཐེ་ཝན་གྱིས་དགྲ་བོར་དཔུང་རྒོལ་བྱེད་ཁུལ་གྱིས་དམག་སྦྱོང་བྱེད་བཞིན་འདུག


2020.07.16
ཐེ་ཝན་གྱིས་དགྲ་བོར་དཔུང་རྒོལ་བྱེད་ཁུལ་གྱིས་དམག་སྦྱོང་བྱེད་བཞིན་པ། ༢༠༢༠།༧།༡༦ ཐེ་ཝན་གྱིས་དགྲ་བོར་དཔུང་རྒོལ་བྱེད་ཁུལ་གྱིས་དམག་སྦྱོང་བྱེད་བཞིན་པ། ༢༠༢༠།༧།༡༦
ཐེ་ཝན་དམག་དོན་ལས་ཁུངས།

ཐེ་ཝན་གྱིས་རྒྱ་ནག་ཕྱོགས་ཀྱི་དྲག་རྒོལ་ལ་གདོང་ལེན་དཔུང་རྒོལ་བྱེད་ཁུལ་གྱིས་ལོ་འཁོར་དམག་སྦྱོང་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༡༦་ཉིན་ཧྥ་རན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་ཐེ་ཝན་གྱི་དམག་མི་ཚོས་ཐེ་ཝན་ནང་ཉིན་ལྔའི་རིང་གི་དམག་སྦྱོང་བྱེད་བཞིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཐེ་ཝན་དམངས་གཙོའི་ལམ་ལུགས་ཀྱི་དམག་དཔུང་གི་ནུས་ཚད་ལ་ཁྱིམ་མཚེས་རྒྱལ་ཁབ་ནས་བཙན་འཛུལ་མི་ཡོང་བའི་རྒོལ་ལན་སློག་རྒྱུར་དམིགས་པ་ཞིག་ཡིན་པ་རེད་འདུག
རེས་གཟའ་ཕུར་བུའི་ཉིན་གྱི་དམག་སྦྱོང་དེའི་ཐོག་ཐེ་ཝན་གི་མཁའ་དམག་གནམ་གྲུ་དང་། དམག་གི་གྲུ་གཟིངས་ལ་སོགས་པ་ཐེ་ཀྲུང་གྲོང་ཁྱེར་གྱི་མཚོ་ཁར་དགྲ་བོར་དཔུང་རྒོལ་བྱེད་ཁུལ་གྱི་རྣམ་པ་མཐོང་རྒྱུ་ཡོད་པ་དང་། དམག་སྦྱོང་དེའི་ནང་ཐེ་ཝན་གྱི་དཔུང་དམག་༨༠༠༠་ཙམ་ཞིག་མཉམ་ཞུགས་བྱས་ཡོད་པ་རེད།
སྐབས་དེར་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེང་ཝུན་ལགས་ཀྱིས་གཟིགས་ཞིབ་གནང་ཡོད་པ་དང་། དེའི་རྗེས་ཁོང་གིས་ཊུ་ཝི་ཊར་དྲ་བའི་ཐོག་ཐེ་ཝན་གྱིས་དམག་སྦྱོང་དེའི་ཐོག་ནས་རང་ཡུལ་སྲུང་སྐྱོབ་ཀྱི་ནུས་ཤུགས་དང་ཆོད་སེམས་གཉིས་ཀ་འཛམ་གླིང་ལ་གསལ་བཏོན་ཐུབ་པ་བྱུང་ཡོད་ལུགས་གསུང་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་དེ་བཞིན་ག་དུས་ཡིན་ནའང་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཞིང་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྤྱི་ལོ་༢༠༡༦་ལོར་ཚའེ་ཡེང་ཝུན་ཐེ་ཝན་གྱི་སྲིད་འཛིན་གནང་བ་ནས་བཟུང་། རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཐེ་ཝན་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་ནི་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡིས་རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་ངོས་ལེན་མ་གནང་བའི་དབང་གིས། རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་ཐེ་ཝན་གྱི་སྲིད་འཛིན་ཚའེ་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎