ཐའེ་ལྦན་གྱིས་མེ་ཤུགས་འཕུར་མདེལ་གྱི་ནུས་སྟོབས་ཆེ་རུ་གཏོང་བ།

ཐའེ་ལྦན་གྱིས་གྲུ་འཛིངས་ཐོག་གི་དམག་གི་གནམ་གྲུར་ཁ་གཏད་བཅོག་ཐུབ་པའི་མེ་ཤུགས་འཕུར་མདེལ་གྱི་ནུས་སྟོབས་ཆེ་རུ་གཏོང་བཞིན་པ།

2011.08.14

༄༅༎ཉེ་ཆར་རྒྱ་ནག་གཞུང་གིས། དམག་གི་གནམ་གྲུ་འཁྱེར་བའི་གྲུ་འཛིངས་ཐེངས་དང་པོ་བཟོས་ཏེ་རྒྱ་མཚོའི་ཐོག་ཚོད་ལྟའི་གནས་ཚུལ་ཐོན་པའི་རྗེས། ཐའེ་ལྦན་ཕྱོགས་ནས་གྲུ་འཛིངས་ཐོག་གི་དམག་གི་གནམ་གྲུར་ཁ་གཏད་བཅོག་ཐུབ་པའི་གོ་མཚོན་ཐོག་པའི་མེ་ཤུགས་འཕུར་མདེལ་གྱི་ནུས་སྟོབས་ཆེ་རུ་གཏོར་རྒྱུར་ཡར་རྒྱས་གཏོང་བཞིན་ཡོད་པ་རེད།

དེ་ཡང་ཐའེ་ལྦན་རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཁང་གི་འགན་འཁུར་བ་ཞིག་གིས། ས་ཐོག་ནས་འཕེན་རྒྱུའི་མེ་ཤུགས་འཕུར་མདེལ་ནུས་ཤུགས་ཆེན་པོ་དེ་བཟོ་སྐྲུན་ཞིབ་འཇུག་གི་ལས་དོན་མུ་མཐུད་ནས་བྱེད་མུས་ཡིན་པ་དང༌། ད་ཡོད་མཚོ་དམག་གྲུ་འཛིངས་ཐོག་འཁྱེར་བའི་གོ་མཚོན་ནུས་པ་དང་བསྡུར་ན། མེ་ཤུགས་འཕུར་མདེལ་དེ་ཡར་རྒྱས་བཏང་སྟེ། རྒྱང་ཐག་རིང་པོར་འཕེན་ཐུབ་པ་མ་ཟད། དེའི་ནུས་པ་ནི་གོ་མཚོན་ཧ་ཅང་གི་ཤུགས་ཆེ་བ་འཁྱེར་ཐུབ་པ་ཞིག་ཡོང་རྒྱུ་ཡིན་པ་གསུང་ཡོད་པ་རེད། གཟའ་འཁོར་སྔོན་དེར་༢༠༡༡ ལོའི་ཐའེ་ལྦན་གྱི་དམག་གི་གནམ་གྲུ་དང༌། སྲུང་སྐྱོབ་ཀྱི་འཕྲུལ་རིག་ལག་རྩལ་གྱི་འགྲེམས་སྟོན་མ་འགོ་མ་ཚུགས་གོང་དེར་གསར་འགོད་པ་ཚོར། མེ་ཤུགས་འཕུར་མདེལ་ངོ་མ་དེར་ལྟ་སྐོར་དུ་བཏང་ཡོད་ཅིང༌། དེ་རྗེས་མི་དམངས་ཚོར་འགྲེམས་སྟོན་འགོ་འབྱེད་བྱས་ཏེ། དེ་རིང་རེས་གཟའ་ཉི་མའི་ཉིན་མཇུག་སྒྲིལ་ཡོད་པ་རེད།

གནས་ཚུལ་ཞིབ་འཇུག་པ་ཚོས། ཐའེ་ལྦན་གྱི་མེ་ཤུགས་འཕུར་མདེལ་དེ་ནི། རྒྱ་ནག་གི་དམག་གི་གནམ་གྲུ་ཐོག་པའི་གྲུ་འཛིངས་ལ་ཁ་གཏད་དུ་དམིགས་པ་ཞིག་ཡིན་པའི་བློ་དོགས་བྱེད་ཀྱི་ཡོད་པར་བརྟེན་ནས། ཐའེ་ལྦན་ཕྱོགས་ནས་དམག་གི་གནམ་གྲུ་འཁྱེར་བའི་གྲུ་འཛིངས་གཏོར་ཐུབ་པའི་མེ་ཤུགས་འཕུར་མདེལ་དེ་ལྟ་བུ་མི་དམངས་ཚོར་འགྲེམས་སྟོན་བྱེད་མི་དགོས་པ་གཙོ་དོན་བྱེད་ཀྱི་ཡོད་ཅིང༌། གང་ལྟར་ནའང༌། ཐའེ་ལྦན་གྱི་མེ་ཤུགས་འཕུར་མདེལ་ཞིབ་འཇུག་ལས་གཞིའི་འགན་འཛིན་གཞོན་པས། མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་བཞིན་པ་དེ་ནི། ཧ་ཅང་གི་མྱུར་ཚད་མགྱོགས་པོ་དང༌། གོ་མཚོན་གཞན་གྱིས་ཁ་གཏད་གདོང་ལེན་བྱེད་དཀའ་བའི་ནུས་པ་ལྡན་ཡོད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎