ཐའེ་ལྦན་གྱིས་མཚོ་གླིང་གི་བདག་དབང་རྩོད་ལེན་མི་བྱེད་རྒྱུ།
2009.11.23
༄༅༎ཐེ་ལྦན་གྱིས་དེ་སྔོན་བདག་དབང་རྩོད་ལེན་བྱེད་པའི་མཚོ་གླིང་ཁག་གཉིས་ཀྱི་མཐའ་བསྐོར་གྱི་ཆུའི་བདག་དབང་རྩོད་ལེན་གནང་རྒྱུ་མེད་པའི་ཐག་གཅོད་གནང་ཡོད་པ་རེད་
ཐེ་ལྦན་གཞུང་གིས་དེ་སྔོན་རྩོད་ལེན་བྱེད་པའི་མཚོ་གླིང་གི་ཉེ་འགྲམ་ཀིན་མེན་ཞེས་པ་དང་མཱ་ཚུ་ཞེས་པའི་མཚོ་གླིང་གཉིས་ཀྱི་མཐའ་བསྐོར་མཚོ་དེ་དག་རྩོད་ལེན་བྱེད་ཀྱི་ཡོད་ནའང་དཆ་མཚམས་འཇོག་གནང་སྐོར་གསལ་བསྒྲགས་གནང་ཡོད་པ་རེད་ ཡིན་ནའང་གོང་ཞུས་ཀྱི་མཚོ་གླིང་ཆུང་ཁག་དེ་དག་གི་བདག་དབང་དེ་ཐེ་ལྦན་གྱིས་མུ་མཐུད་འཛིན་རྒྱུ་ཡིན་པ་རེད་ ཐེ་ལྦན་གྱི་ཏམ་ཀང་ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་ལིང་ཁྲོང་ཕིན་ཡིས་གོང་ཞུས་ཀྱི་ཐེ་ལྦན་གཞུང་གི་སྲིད་བྱུས་དེར་འབྲེལ་བ་མང་པོ་ཞིག་ཡོད་པ་རེད་ ཐེ་ལྦན་དང་རྒྱ་ནག་གི་འབྲེལ་ལམ་བཟང་དུ་ཕྱིན་པ་དེས་ཐེ་ལྦན་གྱི་དཔལ་འབྱོར་ཐོག་ཕན་ཐོག་བྱུང་ཡོད་པ་དང་ དེས་ཐེ་ལྦན་གྱི་སྲིད་འཛིན་མའ་ཡིན་ཇའོ་བསྐྱར་དུ་སྲིད་འཛིན་དུ་འོས་ཐོབ་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུངས་འདུག ཐེ་ལྦན་གྱིས་གོང་ཞུས་ཀེན་མེན་ཞེས་པའི་མཚོ་གླིང་དེར་དམག་འཐབ་མི་འབྱུང་ཆེད་ལོ་སྟོད་ནང་གྲུ་གཟིང་བབས་འཚུགས་མི་ཐུབ་པའི་འགོག་ར་དེ་དག་མེད་པ་བཟོས་ཡོད་པ་རེད་ འགོག་ར་དེ་དག་ཨར་དམ་གྱིས་བཟོས་པ་དང་དེའི་སྟེང་ལྕགས་ཧྲེང་བཙུགས་ཡོད་པ་རེད་ གོང་ཞུས་མཚོ་གླིང་ཁག་གཉིས་ཐེ་ལྦན་དང་རྒྱ་ནག་གི་མཚོ་ཁའི་ཉེ་འགྲམ་ཀི་ལོ་མི་ཀྲར་གཉིས་ཙམ་གྱི་རྒྱང་ཁད་ལས་མེད་ཅིང་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཕྱོགས་གཉིས་ཀྱི་དྲག་པོའི་དཔུང་དམག་གཉིས་ཀས་སྲུང་བྱ་བྱེད་པས་ད་བར་དམག་འཁྲུག་གི་གནས་ཚུལ་གང་ཡང་བྱུང་མེད་པ་རེད་ ཐེ་ལྦན་གཞུང་གིས་རྣམ་ཀུན་གོང་ཞུས་ཀྱི་མཚོ་གླིང་དེ་དག་ནས་མེ་ལེ་བཅུ་གཉིས་སྐོར་གྱི་རྒྱང་ཁད་ཐོག་བདག་དབང་ཡོད་པའི་རྩོད་ལེན་གནང་གི་ཡོད་པ་རེད།