རྒྱ་གར་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་བརྒྱུད་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་དང་གུ་ཡངས། རང་དབང་སོགས་གལ་གནད་སྐོར་དྲ་ཐོག་མཁས་པའི་བགྲོ་གླེང་གནང་བ།

2021.08.31
རྒྱ་གར་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་བརྒྱུད་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་དང་གུ་ཡངས། རང་དབང་སོགས་གལ་གནད་སྐོར་དྲ་ཐོག་མཁས་པའི་བགྲོ་གླེང་གནང་བ།
དྲ་བཤུས།

སྤྱི་ཟླ་༨པའི་༡༩ ཉིན་Observer Research Foundation ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གིས་གོ་སྒྲིག་འོག་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ། ཐའེ་ཝན་བཅས་ཀྱི་ད་ལྟའི་འགྱུར་འགྲོས་དང་མ་འོངས་པའི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ཐོག་མཁས་པའི་བགྲོ་གླེང་ཞིག་ཚོགས་ཤིང་། སྐབས་དེར་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཁང་གི་མགྲིན་ཚབ་པ་སྐུ་ཞབས་BauShuan Ger ལགས་ཀྱིས་རྒྱ་གར་དང་ཐའེ་ཝན་རྒྱལ་ཁབ་གཉིས་ཀྱིས་ད་བར་མང་གཙོ་དང་རང་དབང་གི་རིན་ཐང་། དེ་བཞིན་ཁྲིམས་ཀྱི་དབང་བསྒྱུར་མཉམ་སྤྱོད་བྱས་ཡོད།
ང་ཚོས་རང་ཉིད་ཀྱི་ལྷོ་རྒྱུད་འབྲེལ་བའི་སྲིད་བྱུས་གཞིར་བཟུང་རྒྱ་གར་ལྷན་དུ་མུ་མཐུད་འབྲེལ་བ་དམ་ཟབ་ཏུ་གཏོང་བཞིན་ཡོད་པའི་རྒྱུ་མཚན་ནི་རྒྱ་གར་དེ་བཞིན་རང་ཉིད་ཀྱི་ཤར་རྒྱུད་འབྲེལ་བའི་སྲིད་བྱུས་གཞིར་བཟུང་ཤར་ཕྱོགས་ཀྱི་ས་ཁུལ་ཁག་དང་འབྲེལ་བ་ཡོད་པས།
སྲིད་བྱུས་དེ་གཉིས་བརྒྱུད་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་དང་གུ་ཡངས། རང་དབང་སོགས་ཀྱི་ལེགས་སྐྱེས་འབུལ་ཐུབ་ཅེས་གསུངས་གནང་སོང་།
ཐའེ་ཝན་དང་ཨེ་ཤེ་ཡའི་ཉམས་ཞིབ་ལྟེ་གནས་ཁང་(TAEF) གི་ཉམས་ཞིབ་པ་Sana Hashmi ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན།
སྤྱིར་ཐའེ་ཝན་དང་རྒྱ་གར་གཉིས་དབར་གཞུང་དང་གཞུང་དབར་གྱི་འབྲེལ་བའི་རིགས་ད་བར་ཧ་ལམ་བྱུང་མེད་ཀྱང་། སྤྱི་ཚོགས་དང་ཤེས་ཡོན་གྱི་སྡེ་ཁག་ནང་ཕྱོགས་གཉིས་དབར་འབྲེལ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པའི་ཁར། ཉེ་བའི་ཆར་ཐའེ་ཝན་ལ་དོ་སྣང་བྱེད་མཁན་རྒྱ་གར་གྱི་གནད་ཡོད་མི་སྣ་དང་།མཁས་པ། ཉམས་ཞིབ་པ། མི་མང་སོགས་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཡང་སྐབས་དེར་རྒྱ་གར་དང་ཐའེ་པེ་མཐུན་གྲོགས་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་GourangalalDas ལགས་ཀྱིས་རྒྱ་གར་གྱི་ས་བབ་ཀྱི་གནས་སྟངས་ཐོག་ནས་རང་བཞིན་གྱི་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་འབྲེལ་བ་དམ་ཟབ་གཏོང་ཐུབ་ལ། ཞི་བདེ་རྒྱ་མཚོའི་མངལ་ཁུལ་དེ་བཞིན་ཞི་བདེ་དང་རང་དབང་། ཕུན་སུམ་ཚོགས་པ་ཞིག་བསྐྲུན་རྒྱུ་ནི་རྒྱ་གར་གྱི་ཐབས་བྱུས་གཙོ་བོ་དེ་ཡིན་ཞིང་། དེ་རིང་གི་བགྲོ་གླེང་དེ་བརྒྱུད་ནས་རྒྱ་གར་ཕྱོགས་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཐོག་སྲིད་བྱུས་ཇི་འདྲ་ཞིག་བཟུང་ཡོད་པའི་སྐོར་རྒྱུས་ལོན་ཡག་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་གནང་སོང་།
ཐའེ་ཝན་དང་ཨེ་ཤེ་ཡའི་ཉམས་ཞིབ་ལྟེ་གནས་ཁང་(TAEF) གི་ཉམས་ཞིབ་པ་Sana Hashmiལགས་ཀྱིས་སྤྱིར་རྒྱ་ནག་གིས་ཐའེ་ཝན་ཐོག་འཛིན་པའི་དྲག་ཤུགས་དེ་གསར་པ་གང་ཡང་མིན་ན་ཡང་། དེ་སྔོན་༢༠༢༠ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་བ་ནས་བཟུང་། རྒྱ་ནག་གིས་བཙན་ཤུགས་དེ་ཐའེ་ཝན་ཙམ་མིན་པར་རྒྱལ་ཁབ་མང་པོ་ཞིག་ལ་ཉེན་ཁ་ཆགས་ཡོད་པ་མངོན་གསལ་དུ་གྱུར་ཡོད་ལ། ཕྱོགས་གཞན་ཞིག་ནི་ཐའེ་ཝན་གྱི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྒྲུབ་ཕྱོགས་ཐད་རྒྱ་གར་སྤྱི་དམངས་ཁྲོད་ལ་དོ་སྣང་བྱེད་མཁན་མང་པོ་ཞིག་བྱུང་ཡོད་པ་དེ་དག་བརྒྱུད་ནས།ད་ལྟའི་ཐའེ་ཝན་གྱི་གནས་སྟངས་རྒྱ་ཁྱབ་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
སྤྱིར་རྒྱུན་དུ་རྒྱ་ནག་གཞུང་གིས་རྒྱ་གར་གཙོས་པའི་རྒྱ་ནག་དང་ཕྱི་འབྲེལ་ཡོད་པའི་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་འཇོག་དགོས་པ་ཡང་ཡང་བརྗོད་ཀྱི་ཡོད་པ་མ་ཟད་། ལྷག་པར་དུ་ཐའེ་ཝན་གཞུང་དང་ཕྱི་འབྲེལ་འཛུགས་མཁན་ཚོ་དང་།
བོད་དོན་དང་ཧོ་ཀོང་སོགས་ཀྱི་གནད་དོན་ཐོག་གླེང་སློང་བྱེད་མཁན་ཚོས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྡོག་རོལ་གཏོང་གི་ཡོད་ཚུལ་གྱི་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎