ཐའེ་ལྦན་ལས་ཀའི་ས་མིག་སྟོང་ཁྲག་ཁ་ཤས་མེད་པ་བཟོ་འཆར།

ཐའེ་ལྦན་གཞུང་གིས་བློན་ཆེན་གྱི་གནས་བབ་ཡོད་པའི་མི་སྣ་བརྒྱད་དང་དེ་བཞིན་དེའི་འོག་གི་ལས་ཀའི་ས་མིག་སྟོང་ཁྲག་ཁ་ཤས་མེད་པ་བཟོ་འཆར།

2010.01.13

༄༅༎ཐའེ་ལྦན་གཞུང་གིས་བློན་ཆེན་གྱི་གནས་བབ་ཡོད་པའི་མི་སྣ་བརྒྱད་དང་དེ་བཞིན་དེའི་འོག་གི་ལས་ཀའི་ས་མིག་སྟོང་ཁྲག་ཁ་ཤས་མེད་པ་བཟོ་རྒྱུའི་འཆར་གཞི་ཡོད་པ་གཟའ་ལྷག་པའི་ཉིན་ཐའེ་ལྦན་གཞུང་གི་དཔོན་རིགས་ནས་གསུང་ཡོད་འདུག་

ཐའེ་ལྦན་གྲོས་ཚོགས་ཀྱིས་གཟའ་མིག་དམར་ཉིན་ཐའེ་ལྦན་གཞུང་གི་སྒྲིག་འཛུགས་ཁྲིམས་ལུགས་ནང་དོན་ཁག་ཅིག་ཐོག་གྲོས་མཐུན་བྱུང་ནས་ཐའེ་ལྦན་གཞུང་གིས་ཁྱབ་ཁོངས་འོག་གི་འབྲེལ་ཡོད་ལས་ཁང་ཁག་ལ་འགྱུར་བཅོས་དང་དགོས་མེད་ཀྱི་ལས་ཁང་ཁག་ཁུ་སྡུ་བཏང་ཏེ་  ཐའེ་ལྦན་གཞུང་གི་ལས་དོན་སྤེལ་ཕྱོགས་ཀྱི་རྒྱུད་རིམ་སོགས་སྟབས་བདེ་རུ་གཏོང་རྒྱུ་ཡིན་པ་རེད་ ཐའེ་ལྦན་མི་འདོན་ལས་ཁང་གིས་བརྗོད་པར་གཞིགས་ན་ཐའེ་ལྦན་དབུས་གཞུང་གི་བློན་ཆེན་རིམ་པའི་ལས་ཁུང་ཁག་ལྔའི་ཁྱབ་ཁོངས་སུ་ཡོད་པའི་ལས་བྱེད་ཁྲིམས་མཐུན་གཏན་འབེབས་མི་གྲངས་ཆིག་འབུམ་བདུན་ཁྲི་ཡིན་པ་དང་ ད་ལྟའི་དངོས་ཡོད་སྔོན་རྩིས་ནང་མི་གྲངས་ཆིག་འབུམ་དྲུག་ཁྲི་ཡོད་ཅིང་  དེ་མིན་མི་གྲངས་རྒྱ་བཆ་ལྔ་ཙམ་གནས་ཚུལ་ལ་བཞིགས་ནས་སྐབས་འཕྲལ་བཀོད་སྒྲིགས་བྱ་རྒྱུའི་འཆར་གཞི་ཡིན་པ་དང་ དེ་མིན་ཐའེ་ལྦན་གཞུང་གིས་བློན་ཆེན་རིམ་པའི་ལས་ཁང་འོག་གི་འབྲེལ་ཡོད་དགོས་མེད་ཀྱི་ལས་ཁུངས་ཁག་ཁུ་སྡུ་བྱས་པ་དང་ཕྱོགས་མཚུངས་ཁྲིམས་འཛིན་ལ་བསྒྱུར་བཅོས་ཀྱིས་རང་འབྱུང་གནོད་འཚེ་འགོག་ཐབས་ལས་དོན་འཐུས་གུ་ཚང་དུ་གཏོང་རྒྱུ་དང་རང་འབྱུང་ལ་སྲུང་སྐྱོབས་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་དེའི་ཐོག་དགོས་ངེས་ཀྱི་མི་སྣ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎