རྒྱ་ནག་ཏུ་སྒོ་ངའི་ནང་དུག་རྫས་བསྲེས་ལྷད་ཀྱི་གནས་ཚུལ།

སྒོ་ངའི་ནང་དུག་རྫས་བསྲེས་ལྷད་བྱེད་པའི་གནས་ཚུལ་རྒྱ་ནག་ནང་རྒྱ་ཁྱབ་ཆེ་རུ་འགྲོ་གི་ཡོད་པའི་གནས་ཚུལ་ཐོན་འདུག

2008.10.29

༄༅༎ཉེ་ཆར་རྒྱ་ནག་ནས་བཟོས་པའི་འོ་མ་དང་མངར་ཆའི་རིགས་ལ་མེའེ་ལཱ་མིན་ཞེས་པའི་དུག་རྫས་བསྲེས་ལྷད་ཤུགས་ཆེ་དྲག་པའི་རྐྱེན་གྱིས་གཞུང་འབྲེལ་བརྒྱུད་ལམ་ནས་སྙན་ཐོ་བཏོན་པའི་ནང་གསལ་ཕྲུ་གུ་འགའ་ཤས་ཀྱི་ཚེ་སྲོག་ཤོར་བ་དང་བརྒྱ་ཕྲག་མང་པོ་མཁལ་མའི་ན་ཚ་ཕོག་པ་སོགས་ཀྱི་གནས་ཚུལ་བྱུང་ནས་ད་ཆ་དུས་ཡུན་ཐུང་ངུ་ཞིག་ལས་འགྲོ་གི་མེད་པའི་དུས་ཚོར་འདིར་སླར་ཡང་རྒྱ་ནག་ནས་ཐོན་པའི་བྱ་འབྲས་སྒོ་ངའི་ནང་མེའེ་ལཱ་མིན་ཞེས་པའི་དུས་རྫས་བསྲེས་ལྷད་བྱས་ཡོད་ལུགས་གནས་ཚུལ་ཐོན་བཞིན་ཡོད་འདུག

དེ་ཡང་ཉིན་ཤས་གོང་ཧོང་ཀོང་གི་འབྲེལ་ཡོད་ཚན་པ་ཚོས་རྒྱ་ནག་ནས་ནང་འདྲེན་བྱས་པའི་སྒོ་ངའི་རིགས་ཅིག་ལ་མེའེ་ལཱ་མིན་ཞེས་པའི་དུས་རྫས་ཡོད་པ་ཤེས་རྟོག་བྱུང་མཚམས་ཁྲོམ་རའི་ནང་ནས་ཕྱིར་བསྡུ་བྱས་ཡོད་ལུགས་བཀོད་ཡོད་པ་རེད། འོན་ཀྱང་དེ་རིང་གནས་ཚུལ་ཐོན་པར་གཞིགས་ན་རྒྱ་ནག་གི་ཧང་ཀྲའོ་དང་ཧྲང་ཧའེ།པེ་ཅིང་བཅས་པའི་བཟའ་ཆའི་ཚོང་དོན་ཚན་པ་ཁག་ཅིག་ནས་ཀྱང་གནས་ཚུལ་འདི་རིགས་བྱུང་ཡོད་སྟབས་སྒོ་ངའི་རིགས་ཚོང་འགྲེམས་བྱེད་རྒྱུར་བཀག་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

སྒོ་ངའི་ནང་མེའེ་ལཱ་མིན་ཞེས་པའི་དུག་རྫས་བསྲེས་ལྷད་བྱས་ཡོད་པ་དེས་རང་བཞིན་གྱིས་ཟ་བཅའི་རིགས་གཞན་གྱི་མཉམ་བཅུད་ཆེ་བ་ཡོང་རྒྱུར་སྒོ་ང་བླུག་གི་ཡོད་སྟབས་རང་བཞིན་གྱིས་ཟ་ཆའི་རིགས་གཞན་གྱི་ཐོག་ལའང་ཉེན་ཁ་ཡོད་པ་སོགས་འགྲེལ་བརྗོད་བྱས་འདུག གང་ལྟར་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པ་དང་ལྷག་པར་དུ་སྲིད་བློན་མཆོག་ནས་ཉེ་ཆར་འོ་མའི་ནང་དུག་རྫས་བསྲེས་ལྷད་བྱས་པ་དེས་གནོད་སྐྱོན་ཕོག་ཡོད་པའི་གནས་ཚུལ་ངོ་སྤྲོད་དང་འབྲེལ་རྒྱལ་ཡོངས་སུ་ཚོང་དོན་ཚན་པ་ཁག་ནས་རྒྱལ་སྤྱིའི་ལུགས་དང་མཐུན་པའི་ཐོག་ནས་སྤུས་ཁ་ལྡན་པའི་ཚོང་འབྲེལ་བྱེད་དགོས་ལུགས་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎