སུད་སི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་སྐུལ།
2012.12.13
༄༅། །སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྐབས་དེར། ད་ལྟ་བོད་ནང་ལ་བོད་པ་ཚོས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་དང་། ༢༠༠༨ ལོའི་བོད་ས་ཡོངས་ནས་བོད་པ་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཀྱི་སྲིད་བྱུས་ལ་ཞི་རྒོལ་བྱས་པ་ནས་བཟུང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་དང། གསར་འགོད་པ་སོགས་རྒྱལ་སྤྱིའི་མི་སྣ་བོད་དུ་འགྲོ་རྒྱུར་དམ་བསྒྲགས་བྱས་པ། ལྷག་པར་དུ་བོད་པ་ཚོ་དུས་རྟག་ཏུ་འཇིགས་སྣང་དང་དངངས་སྐྲག་འོག་གནས་མུས་ཡིན་པ་སོགས་ར་སྤྲོད་གནང་ནས་གསུང་པའི་སྐབས། སུད་སིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གྲོས་ཚོགས་ཀྱི་ཆ་རྐྱེན་འོག་ཏུ་མཐུན་རྐྱེན་ཇི་ཡོད་རྣམས་བེད་སྤྱོད་བཏང་སྟེ་རང་ནུས་གང་ཡོད་ཀྱིས་སུད་སི་གཞུང་ལ་རྒྱ་ནག་དང་ལྷན་དུ་བོད་དོན་གླེང་མོལ་གནང་རྒྱུར་གནོན་ཤུགས་སྤྲོད་གནང་རྒྱུ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དགོས་འདུན་ལྟར། བོད་མིའི་དཀའ་ངལ་སེལ་རྒྱུར་རྒྱ་ནག་གཞུང་ལ་འབོད་སྐུལ་ཧུར་ཐག་གནང་རྒྱུའི་ཞལ་བཞེས་གནང་བཞག།