བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་བརྒྱ་དང་བརྒྱད།

2021.01.14
བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་བརྒྱ་དང་བརྒྱད། སུད་སིར་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་བརྒྱ་དང་བརྒྱད། ༠༡།༡༣།༢༡
tibet.net

བོད་མི་ཁྱིམ་ཚང་ལྔ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་བརྒྱ་དང་བརྒྱད་སྤེལ་གནང་འདུག
སུད་སི་ནང་གི་བོད་མི་ཁྱིམ་ཚང་ལྔ་ཡིས་ཕྱི་ཟླ་༡ ཚེས་༡༣ ལྷག་དཀར་ཉིན། སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་ཡོད་པ་དང་། དེ་ནི་ད་བར་ལས་འགུལ་སྤེལ་ཐེངས་༡༠༨པ་དེ་ཡིན་པ་རེད།
སུད་སིར་གནས་སྡོད་བོད་མི་ཁྱིམ་ཚང་ལྔས་༢༠༡༢ནས་ཟླ་རེའི་རེས་གཟའ་ལྷག་པ་གཉིས་པ་ནས་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་འགོ་བཙུགས་གནང་བ་ལྟར། དཔེར་ན་༢༠༡༧ལོར་ཡོ་རོབ་སྤྱི་མཐུན་ཚོགས་པའི་མདུན་དུ་ལས་འགུལ་སྤེལ་བ་སོགས་ཟླ་རེའི་རེས་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་སུད་སིའི་ས་ཁུལ་འདྲ་མིན་ནང་། རྒྱ་ནག་གི་དྲག་གནོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་ཞུ་རྒྱུ་དང་། བོད་རྒྱའི་དཀའ་ངལ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་ཐོབ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པའི་ཁར། སུད་སིའི་མི་དམངས་འཛོམས་འདུས་བྱེད་ཡུལ་ཁག་ཏུ་བོད་དོན་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་གནང་སྟེ་བོད་དོན་ཁྱབ་བསྒྲགས་གནང་བཞིན་ཡོད་པ་རེད།
སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལས་བྱེད་པ་ཚོས་གཞིས་ལུས་བོད་མིར་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་གནང་མཁན་ཁྱིམ་ཚང་ལྔ་ཡི་ཕྱག་ལས་རྗེས་སུ་ཡི་རང་ཞུས་པ་དང་སྦྲགས། སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ་གདུང་སེམས་མཉམ་སྐྱེ་ཞུས་ཡོད་པ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་དོན་རྒྱབ་སྐྱོར་བ་(Liz)ལི་ཛི་ཞུ་བས། བོད་ཀྱི་རིག་གཞུང་གི་ཐོག་ནས་ཁོང་ལ་ཕན་ཐོགས་ཆེན་པོ་བྱུང་བ་དང་། སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ་བོད་མི་རིགས་ཀྱི་རྩ་དོན་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་ལ་རྒྱབ་སྐྱོར་ཕྲན་བུ་ཞིག་ཞུ་ཐུབ་པ་བྱུང་བ་དང་། རྒྱ་ནག་ནི་འགྲོ་བ་མི་རྣམས་ཞི་བདེའི་ངང་འཚོ་གནས་དང་འཆམ་མཐུན་གནས་མ་ཐུབ་པར་ཉེན་ཁ་བཟོ་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་དུམ་བུར་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་པའི་སྐབས་འདིར་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎