ལྕམ་ཨང་སང་སུའུ་ཆིས་ལྷན་ཚོགས་ཤིག་ཐོག་གསུང་བཤད།

འབར་མའི་ལྕམ་སུའུ་ཆི་ཡིས་ཁྲིམས་ལུགས་དབང་བསྒྱུར་ཁོ་ནའི་ཐོག་ནས་ཆབ་སྲིད་དང་དཔལ་འབྱོར་ཡར་རྒྱས་འགྲོ་ཐུབ་ངེས་སྐོར་གསུངས།

2012.06.01

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་ཡིས་འབར་མའི་ཆབ་སྲིད་ཀྱི་བཅོས་བསྒྱུར་ལ་དོགས་ཟོན་བྱེད་པ་མ་ཟད། ཁྲིམས་ལུགས་དབང་བསྒྱུར་ཁོ་ནའི་ཐོག་ནས་ཆབ་སྲིད་དང་དཔལ་འབྱོར་ཡར་རྒྱས་འགྲོ་ཐུབ་ངེས་ཡིན་པའི་སྐོར་གསུང་ཡོད་པ་རེད།

དེ་ཡང་ལྕམ་ཨོང་སན་སུའུ་ཆི་ནི་འབར་མའི་དྲག་པོའི་གཞུང་གིས་དོ་དམ་བཀག་ཉར་བྱས་ཏེ་ཕྱི་ཕྱོགས་སུ་མ་ཕེབས་པ་མི་ལོ་བཅུ་ཕྲག་འགའ་ཤས་ཕྱིན་ཡོད་ཅིང༌། མི་བཅུ་ཕྲག་དེ་དག་རིང་དོ་དམ་བྱས་པའི་རྗེས་ད་རེས་གཞི་ནས་ཕྱི་ཕྱོགས་སུ་ཐེངས་དང་པོ་ཕེབས་པ་དེ་ནི། ཐའེ་ལེནདྲ་གྱི་རྒྱལ་ས་སྦེང་ཀོཀ་དུ་ཚོགས་བཞིན་པའི་འཛམ་གླིང་གི་ཚོང་ལས་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ཡོད་པ་དང༌། དེ་རིང་ཁོང་གིས་ལྷན་ཚོགས་དེའི་ཐོག་གཏམ་བཤད་གནང་བའི་སྐབས། འབར་མའི་ཆབ་སྲིད་ཀྱི་བསྒྱུར་བཅོས་ཚད་ལྡན་ཞིག་ཡོང་དགོས་པ་དང༌། དེ་ནི་གཙོ་བོ་རྒྱལ་ཁབ་ནང་ཁྲིམས་ལུགས་དབང་འཛིན་གྱི་ལམ་ལུགས་དེ་ཡིས། ཉེ་བའི་ཆར་འབར་མའི་ནང་དུ་བྱུང་བའི་དམངས་གཙོའི་འཕེལ་རྒྱས་དེ་དང་དཔལ་འབྱོར་ཡར་རྒྱས་གཉིས་པོ་སྲ་བརྟན་གནས་ཐུབ་པའི་ཐབས་ལམ་ཁོ་ན་ཡིན་པ་གསུང་ཡོད་པ་མ་ཟད། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱིས་འབར་མ་དེ་བཞིན་འཐབ་རྩོད་ཀྱི་གཡུལ་ས་ཞིག་ཏུ་མ་འགྱུར་བའི་རོགས་རམ་དང་འབད་བརྩོན་གནང་དགོས་པའི་རེ་སྐུལ་གནང་བ་དང༌། ད་དུང་ཁོང་གིས་ལྷན་ཚོགས་དེར་ཕེབས་པའི་འཐུས་མི་རྣམས་ཀྱིས་ཀྱང་འབར་མའི་རྒྱལ་ཁབ་ཡག་པོ་ཞིག་ཡོང་ཐབས་ལ་རྣོ་བསམ་གཏོང་དགོས་པ་གལ་ཆེན་པོ་ཡིན་ལུགས་དང༌། ལྷག་དོན་འབར་མའི་སྲིད་དབང་ད་བར་མི་ལོ་ལྔ་བཅུའི་རིང་དྲག་པོས་དབང་བསྒྱུར་བྱས་པའི་སྲིད་དབང་ན་ནིང་མཇུག་སྒྲིལ་བ་ཡིན་ནའང་རྒྱལ་ཁབ་ཀྱི་མ་འོངས་པའི་ལམ་ཕྱོགས་ནི་མུ་མཐུད་དམངས་གཙོའི་ཐོག་མདུན་བསྐྱོད་བྱ་ཐུབ་མིན་ཐེ་ཚོམ་ཐོག་གནས་ཡོད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎