འབར་མའི་གཞུང་ལ་དཔལ་འབྱོར་ཉེས་ཆད་འགེལ་རྒྱུའི་འབོད་སྐུལ།

ནུབ་ཕྱོགས་ཡུལ་ཁག་ཚོས་འབར་མའི་ཡུལ་ལ་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེ་མུ་མཐུད་འགེལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

2011.02.07

༄༅༎འབར་མའི་དམངས་གཙོའི་དབུ་འཁྲིད་ལྕམ་ཨང་སན་སུ་ཆི་མཆོག་གི་དམངས་གཙོ་ཚོགས་པས་ནུབ་ཕྱོགས་ཡུལ་ཁག་ཚོས་འབར་མའི་ཡུལ་ལ་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེ་མུ་མཐུད་འགེལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་

གོང་ཞུས་འབར་མའི་དམངས་གཙོ་མནའ་འབྲེལ་ཚོགས་པས་གསལ་བསྒྲགས་དེ་ནི་ཡུལ་གྱི་དྲག་པོའི་གཞུང་མ་ཟད་ནུབ་ཕྱོགས་ཡུལ་ཁག་ཚོས་ཡུལ་དེའི་གཏེར་དངོས་ཕོན་ཆེ་དེ་དག་བསྔོག་འདོན་བྱེད་རྒྱུའི་མདུན་པར་གནས་ཚུལ་རྩ་བ་ནས་ཡག་པོ་ཞིག་ཆགས་ཀྱི་མེད་པ་རེད་           འབར་མའི་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཀྲིན་ཨོ་ཡིས་ཡུལ་ལ་བཀལ་་བའི་དཔལ་འབྱོར་གྱི་ཉེས་ཆད་དེ་དྲག་པོིའི་གཞུང་དང་གཞུང་དེར་ཚོང་འབྲེལ་བྱེད་མཁན་ཁག་ལ་གནོད་པ་ལས་འབར་མའི་མི་མང་མང་ཆེ་བར་གནོད་ཀྱི་མེད་སྐོར་གསུང་འདུག ཁོང་གིས་དམངས་གཙོ་མནའ་འབྲེལ་ཚོགས་པའི་ལངས་ཕྱོགས་དེ་དཔལ་འབྱོར་རིག་པའི་ཐོག་མཁས་པ་ཁག་ཅིག་གིས་ཉམས་ཞིབ་དང་གྲོས་བསྡུར་གནང་བའི་སྙན་ཐོ་ཞིག་རེས་གཟའ་ཟླ་བ་ཉིན་འདོན་སྤེལ་གནང་རྒྱུ་ཡིན་སྐོར་གསུང་འདུག             འབར་མའི་དམངས་གཙོའི་དབུ་འཁྲིད་ལྕམ་ཨང་སན་སུ་ཆི་མཆོག་སྔ་ལོ་ཕྱི་ཟླ་༡༡ནང་ལོ་མང་རྗེས་བཟང་བཙོན་ནས་གློད་བཀྲོལ་བཏང་ཡོད་པ་དང་ཁོང་གིས་ཡུལ་ནང་དམངས་གཙོའི་ལམ་ལུགས་དར་སྤེལ་ཡོང་རྒྱུར་ནུབ་ཕྱོགས་ཡུལ་ཁག་ཚོས་འབར་མར་འགེལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེར་རྒྱབ་བསྐྱོར་གནང་ཡོད་པ་རེད་ ཡིན་ནའང་འབར་མའི་གནད་དོན་ཐོག་མཁས་པ་མང་པོས་ཡུལ་ལ་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེས་ཡུལ་གྱི་དཔལ་འབྱོར་དང་མང་ཚོགས་ལ་དོ་ཕོག་བཏང་རྒྱུའི་ཚབ་ཏུ་ཡུལ་རྒྱ་ནག་དང་ཐེའི་ལནདྲ་ཡུལ་གཉིས་དང་འབྲེལ་བ་གཟབ་ཏུ་ཕྱིན་ནས་ཡུལ་དེ་གཉིས་ཀྱིས་འབར་མའི་ནུས་ཤུགས་ཀྱི་གཏེར་ཁ་ཁག་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་གནང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎