འབར་རྫས་ཡིན་མིན་ད་དུང་གཏན་འཁེལ་མི་འདུག


2015.01.13

རྡ་རམ་ས་ལའི་གླིང་སྐོར་ལམ་གྱི་དོགས་གཞི་ཅན་གྱི་ཅ་ལག་དེར་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད་འདུག
འདི་གའི་གསར་འགོད་པས་རྡ་རམ་ས་ལ་ནས་གནས་ཚུལ་བཏང་དོན། བཞུགས་སྒར་རྡ་རམ་ས་ལའི་གླིང་སྐོར་ལམ་དུ་འབར་རྫས་ཡིན་པའི་དོགས་གཞི་ཅན་གྱི་ཅ་ལག་གཅིག་རྙེད་ཡོད་པ་དེ་རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་པ་ལས་འབར་རྫས་ཡིན་མིན་ད་དུང་གཏན་འཁེལ་མེད་པ་རེད་འདུག དེ་ནི་ཕྱི་ཚེས་༡༣ཉིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་དུས་རྒྱུན་བཞུགས་སྒར་དུ་ཡོད་པའི་༧གོང་ས་མཆོག་གི་ཕོ་བྲང་དང་གཙུག་ལག་ཁང་བཅས་ཀྱི་གླིང་སྐོར་ལམ་དུ་དྭངས་བླངས་ཐོག་གད་སྙིགས་གཙང་མ་བཟོ་གནང་མཁན་ཨ་ཅག་གཡང་ལགས་ཞུ་བ་ཁོང་གིས་གླིང་སྐོར་ལམ་གཙང་མ་བཟོ་བཞིན་པའི་སྐབས་དེར་གད་སྙིགས་དཀྱིལ་ནས་དྭོགས་གཞི་ཅན་གྱི་ཅ་དངོས་དེ་རྙེད་ཡོད་པ་དང་། མོས་ལམ་སེང་དོགས་གཞི་ཅན་གྱི་ཅ་ལག་དེ་འབྲེལ་ཡོད་བདེ་འཇགས་མི་སྣར་རྩིས་སྤྲོད་གནང་ཡོད་པ་རེད།
དེའི་ཐད་བདེ་སྲུང་དྲུང་འཕར་ཀརྨ་རིན་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། དོགས་གཞི་ཅན་གྱི་ཅ་ལག་གཅིག་དྭངས་བླངས་གཙང་སྦྲ་ཞབས་ཞུ་བ་ཨ་ཅག་ཁོང་ལ་རྙེད་པའི་གནས་ཚུལ་དེ་ངོ་མ་རེད། ཡིན་ན་ཡང་དོགས་གཞི་ཅན་གྱི་ཅ་ལག་དེ་ཡང་སྙིང་ག་འདྲས་ཡིན་ད་ལྟ་རྒྱ་གར་གྱི་འབྲེལ་ཡོད་བདེ་འཇགས་མི་སྣས་བརྟག་དཔྱད་བྱས་པ་བརྒྱུད་དོགས་པ་ཡོད་པའི་གནས་ཚུལ་མི་འདུག འོན་ཀྱང་ད་དུང་མུ་མཐུད་དེ་ཞིབ་འཇུག་བྱེད་བཞིན་ཡོད་ལུགས་གསར་འགོད་པར་འགྲེལ་བརྗོད་གནང་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎