རྒྱ་ནག་ནང་རྡོ་སོལ་བསྡོཌ་འདོན་གྱི་ས་སྦུག་ནང་མེ་ཤོར་གྱི་རྐྱེན་ངན།

རྒྱ་ནག་ནང་རྡོ་སོལ་བསྡོགས་འདོན་གྱི་ས་སྦུག་ནང་མེ་ཤོར་གྱི་རྐྱེན་ངན་བྱུང་བའི་ནང་ད་བར་མི་གྲངས་འབོར་༩༢་རྐྱེན་ལམ་དུ་ཕྱིན་འདུག

2009.11.22

༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཧེ་ལོང་ཅང་ཞིང་ཆེན་གྱི་གྲོང་ཁྱེར་ཧེ་ཀང་ནང་གི་རྡོ་སོལ་བསྡོགས་འདོན་གྱི་ས་སྦུག་ནང་མེ་ཤོར་གྱི་རྐྱེན་ངན་བྱུང་བའི་ནང་ད་བར་མི་གྲངས་འབོར་༩༢་རྐྱེན་ལམ་དུ་ཕྱིན་པ་མ་ཟད་མི་གྲངས་༡༦་གར་སོང་ཆ་མེད་དུ་གྱུར་སྐོར་ཁ་ས་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

དེ་ཡང་རེས་གཟའ་སྤེན་པའི་ཉིན་གྲོང་ཁྱེར་ཧེ་ཀང་ནང་གི་རྡོ་སོལ་བསྡོགས་འདོན་ཆེད་འགྲོ་ཡུལ་ས་སྦུག་ནང་མེ་ཤོར་བའི་རྐྱེན་ངན་བྱུང་བའི་སྐབས་སུ་དེའི་ནང་མི་གྲངས་༥༢༨་ཡོད་པ་ནས་མི་གྲངས་༤༢་རྐྱེན་ལམ་དུ་ཕྱིན་པའི་ཁ་སྣོན་དུ་ད་ཆ་ལས་མི་རྐྱེན་ལམ་དུ་ཕྱིན་པའི་གྲངས་འབོར་དེ་ལྡབ་གཉིས་ཙམ་ཕར་ནས་གྲངས་༩༢་ལ་སླེབས་ཡོད་པ་དང་མི་གྲངས་༡༦་གར་སོང་ཆ་མེད་དུ་གྱུར་འདུག་ལ་ ད་རེས་ཀྱི་རྐྱེན་ངན་བྱུང་བའི་གནས་ཚུལ་དེ་ནི་འདས་པའི་ལོ་གཉིས་རིང་རྡོ་སོལ་བསྡོགས་འདོན་དང་འབྲེལ་བའི་རྐྱེན་ངན་བྱུང་བ་ཚབས་ཆེ་ཤོས་དེ་ཡིན་པ་དང་རྒྱ་ནག་ནང་ནུས་ཤུཌ་མཁོ་འདོན་ཆེད་དུ་རྡོ་སོལ་བསྡོགས་འདོན་ཤུགས་ཆེ་བྱེད་ཀྱི་ཡོད་པ་མ་ཟད་དེས་མིའི་ཚེ་སྲོག་མང་པོ་ཤོར་གྱི་ཡོད་སྟབས་མངའ་སྡེའི་སྤྱི་ཁྱབ་ལི་ཀྲན་ཤུ་ཡིས་རྒྱ་ནག་གཞུང་གིས་རྡོ་སོལ་ལས་གཞིའི་འཛིན་སྐྱོང་ཚཌ་ཚུད་དུ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག རེས་གཟའ་སྤེན་པའི་ཉིན་གོང་ཞུས་རྐྱེན་ངན་དེ་བྱུང་བའི་རྗེས་སུ་ཤིན་ཤིང་གི་རྡོ་སོལ་བསྡོགས་འདོན་གྱི་འགན་འཛིན་དང་འགན་འཛིན་གཞོན་པ་དེ་བཞིན་འཆར་བཀོད་ལས་དོན་གྱི་འགོ་གཙོ་ཡང་གནས་དབྱུངས་བཏང་བའི་སྐོར་མིང་འབོད་བྱེད་འདོད་མེད་པའི་ལས་མི་ཞིག་གིས་ཨེ་པི་གསར་ལས་ཁང་ལ་བརྗོད་ཡོད་པའི་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎