འབར་མའི་ལྕམ་མུ་མཐུད་བཟང་བཙོན་དུ་གནས་མིན་ཞུ་གཏུགས།

འབར་མའི་ཆེས་མཐོའི་ཁྲིམས་ཁང་གིས་དམངས་གཙོའི་དབུ་འཁྲིད་མུ་མཐུད་བཟང་བཙོན་གྱི་གནས་བབས་འོག་གནས་མིན་གྱི་ཞུ་གཏུགས།

2010.01.18

༄༅༎འབར་མའི་ཆེས་མཐོའི་ཁྲིམས་ཁང་གིས་དམངས་གཙོའི་དབུ་འཁྲིད་ལྕམ་ཨན་སན་སུ་ཆི་མཆོག་མུ་མཐུད་བཟང་བཙོན་གྱི་གནས་བབས་འོག་གནས་མིན་གྱི་ཞུ་གཏུགས་དེར་ཉན་ཞིབ་གནང་ཡོད་པ་རེད་

སྔ་ལོ་ལྕམ་ཨན་སན་སུ་ཆི་མཆོག་གི་གཟིམས་ཤག་ཏུ་ཨ་རིའི་མི་སེར་གཅིག་འཛུལ་ཞུགས་བྱེད་པའི་ནག་ཉེས་འོག་ཁོང་ལ་ལོ་གཅིག་དང་ཕྱེད་ཀའི་བཟང་བཙོན་གྱི་ཉེས་ཆད་བཀལ་བ་དེ་འཕར་འགྱང་བྱས་པར་ཁོང་གིས་ཁྲིམས་ཁང་འོག་མར་ཞུ་གཏུགས་གནང་ཡང་ཁྲིམས་ཁང་དེས་ཁོང་གི་ཞུ་གཏུགས་དེ་ངོས་ལེན་བྱས་མེད་པ་རེད་ ད་ཐེངས་ཀྱི་ཁོང་གི་ཆེས་མཐོའི་ཁྲིམས་ཁང་ནང་གི་ཞུ་གཏུགས་དེ་ཁོང་དང་ཡུལ་གྱི་དྲག་པོའི་གཞུང་གི་མི་སྣ་དང་འབྲེལ་མོལ་རིམ་པ་བྱུང་བའི་རྗེས་ཀྱི་ཞུ་གཏུགས་ཤིག་ཆགས་ཀྱི་ཡོད་པ་རེད་ ལྕམ་ཨན་སན་སུ་ཆི་མཆོག་གི་ཁྲིམས་རྩོད་པ་རྣམས་ཀྱིས་ཁོང་ལ་དེ་སྔོན་ཁྲིམས་ཁང་འོག་མའི་ཁྲིམས་བཅད་དེ་ཡུལ་གྱི་རྩ་ཁྲིམས་རྙིང་པའི་ཁྲིམས་གཞིར་གཞི་བཞག་ནས་ཁྲིམས་བཅད་བཏང་བར་སོང་དེ་ཁྲིམས་མཐུན་ཆགས་ཀྱི་མེད་པའི་ཞུ་གཏུགས་གནང་གི་ཡོད་པ་རེད་ ཁོང་གི་ཁྲིམས་རྩོད་པ་རྣམས་ཀྱིས་ད་ཐེངས་ཀྱི་ཁྲིམས་གཏུགས་དེ་ཁོང་ལ་རྒྱལ་ཁ་འཐོབ་རྒྱུའི་རེ་བ་གནང་གི་ཡོད་ནའང་རྒྱལ་ས་རན་གུན་ནང་གནས་སྡོད་གནང་མཁན་ནུབ་ཕྱོགས་ཁག་གི་ཕྱི་འབྲེལ་དཔོན་རིགས་རྣམས་ཀྱིས་དེ་ལྟར་རེ་བ་མེད་སྐོར་གླེང་གི་ཡོད་པ་རེད་ གལ་སྲིད་འབར་མའི་ཆེས་མཐོའི་ཁྲིམས་ཁང་གིས་ལྕམ་ཨན་སན་སུ་ཆི་མཆོག་ལ་བཟང་བཙོན་གྱི་ཁྲིམས་བཅད་དེ་འཕར་འགྱང་བྱས་པ་ཡིན་ན་ཁོང་འདི་ལོའི་རྒྱལ་ཡོངས་འོས་བསྡུ་ནང་འགྲན་རྩོད་གནང་ཐུབ་རྒྱུ་མིན་པ་རེད་ དགུང་གྲངས་༦༤ལ་སོན་པའི་དམངས་གཙོའི་དབུ་འཁྲིད་མཆོག་ད་བར་འབར་མའི་ནང་ལོ་ངོ་༢༠བཞུགས་རིང་ལོ་ངོ་ ༡༤བཟང་བཙོན་གྱི་གནས་བབས་འོག་བཞུགས་དགོས་ཆགས་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎